༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ལྡི་ལི་བོད་སྒར་བསམ་ཡས་གླིང་ (Majnu ka Tilla) དང་། ལ་དྭགས་བུདྡཱ་ཝི་ཧ’ར་(Ladakh Buddhist Vihar) གཉིས་ཀྱི་ས་ཆའི་དཀའ་རྙོག་སྐོར་ལོ་ཤས་སྔོན་ནས་ཁྲིམས་མཐུན་ཞུ་གཏུག་འགྲོ་མུས་ཡིན་པ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༨ ཉིན་ཁྲིམས་ཁང་གིས་ཐག་གཅོད་འབྲུ་དོན་ལྡི་ལི་བོད་སྒར་བསམ་ཡས་གླིང་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་ས་ཆ་སྟོང་པ་བཟོ་མི་དགོས་པ་ཁྲིམས་མཐུན་གཏན་སྡོད་ཆོག་པའི་(Regularization) གསལ་བསྒྲགས་གནང་བར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ལྡི་ལིའི་མངའ་སྡེའི་བློན་ཆེན་ལྕམ་སྐུ་ཤི་ལ་ཌིག་ཤི་ཏི་མཆོག་(Sheila Dikshit) དང་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ལཱ་དི་སིངྒ་ས་ཧཱ་ནེ་ (Parlad Singh Sawhney) མཆོག་རྣམ་གཉིས་ཀྱིས་གོང་གསལ་དཀའ་ངལ་སེལ་ཐབས་སུ་དམིགས་བསལ་གཟིགས་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུས་ཡོད། ཕྱོགས་མཚུངས་ལ་དྭགས་བུདྡཱ་ཝི་ཧཱར་ (Ladakh Buddhist Vihar) ས་ཆའི་སྐོར་ཐག་གཅོད་གནང་ཐད་ལའང་དེ་མཚུངས་གཟིགས་སྐྱོང་གནང་རྒྱུའི་འབོད་སྐུལ་གྱི་ཞུ་སྙན་ཕུལ་ཟིན་པ་མ་ཟད། ལས་དོན་མཇུག་སྐྱོང་ཡོང་ཐབས་གནང་མུས་ཡིན་འདུག་པ་བཅས།།
ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་ཆ་ཁྲིམས་མཐུན་བྱུང་བའི་གསལ་བསྒྲགས།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)