ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །སྔ་ལོ་ཟླ་ ༣ ཚེས་ ༡༧ ཉིན་རྔ་པ་རྫོང་རྨེ་རུ་མ་ཤང་ཐོག་ཏུ་ཞི་བའི་སྐད་འབོད་ནང་ཞུགས་མཁན་ཆོས་འཕེལ།(དབུར་ཆོས་)རང་ལོ་ ༣༣ ཙམ་དུ་སོན་པ་ཞིག་ལ་རྫོང་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་བཞི་བཟོས་ཡོད་པ་དང་། ཁོང་བཙོན་འཇུག་བྱེད་རིང་མིག་གཡོན་པའི་ནང་ལིང་ཏོག་ཆེན་པོ་ཞིག་ཆགས་ཏེ་མིག་གཡས་པས་མ་གཏོགས་མཐོང་མི་ཐུབ་པར་གྱུར་ཡོད་ཀྱང་སྨན་བཅོས་མ་བྱས་པར་མུ་མཐུད་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་ཡོད་པའི་གནས་ཚུལ་འདུག