ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༦ རེས་གཟའ་མིག་དམར།
༄༅། །བཀའ་ཁྲིའི་སྒེར་དྲུང་ནས་ ༢༠༠༩ ཕྱི་ཟླ་ ༡ ཚེས་༥ འཁོད་གནས་ནང་གསལ། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག ༢༠༠༩ ཕྱི་ཟླ་ ༡ ཚེས་ ༡༣ སྔ་དྲོ་ལྡི་ལི་ནས་པ་ཀྲང་ཀོ་ཌེ་བར་མེ་འཁོར་བརྒྱུད་རྡ་སར་ཕེབས་རྒྱུ་ཐུགས་གཏན་འཁེལ་ཡོད་ནའང་། གཉེན་འཕྲད་སོགས་བོད་འབྱོར་བོད་མི་བརྒྱ་སྐོར་ཞིག་ཝ་ར་ཎ་སིར་གསུང་ཆོས་དང་སྟབས་བསྟུན་གྱིས་གནས་མཇལ་དུ་འབྱོར་བཞིན་ཡོད་འདུག་པས། དེར་བརྟེན་རང་རིགས་བོད་འབྱོར་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཆེད་ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་ཝ་ར་ཎ་སིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་ཝ་ར་ཎ་སི་ནས་ལྡི་ལིར་ཕེབས་འབྱོར་གནང་རྒྱུས་མཚོན་ཕྱི་ཚེས་ ༡༦ དང་ ༡༧ སོ་སོར་ལྡི་ལིར་འཛའ་མི་ཡ་གཙུག་ལག་སློབ་གཉེར་ཁང་དུ་དགུ་པའི་བཅུ་གཅིག་རྗེས་ཀྱི་འཛམ་གླིང་ཆོས་ལུགས་ཞེས་པའི་ཚོགས་ཆེན་དུ་གསུང་བཤད་གནང་རྒྱུ་དང་སྦྲགས་གཞན་ཚོགས་འདུ་ཁག་ལ་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༨ སྔ་དྲོ་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པའི་གནས་བསྡུས་སུ།།