ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་བཞུགས་སྒར་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་ག་གྷལ་གནམ་ཐང་དུ་ཆིབས་སྒྱུར་གནང་བ་དང་། ག་གྷལ་ནས་མཁའ་ཐོག་བརྒྱུད་ལྡི་ལིར་ཆིབས་སྒྱུར་གྱིས་བཞུགས་ཞག་དང་། ཚེས་ ༢༦ སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ནུབ་ཨ་ཕ་རི་ཁའི་གླིང་ཕྲན་ ནི་ཇི་རི་ཡའི་(Nigeria )གྲོང་ཁྱེར། ལ་གོ་སེའི་ (Lagos ) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཨ་ཕ་རི་ཁའི་ནང་ཡོད་བོད་གཞུང་སྐུ་ཚབ་དོན་གཅོད་དང་། ཆིབས་སྒྱུར་གདན་ཞུའི་མི་སྣས་ཕེབས་བསུར་བཅར་ཏེ་གདན་ཞུས་ཐོག་ཉིན་གྲངས་གཉིས་རིང་ཁུལ་དེར་མཛད་འཆར་ཁག་བསྐྱང་རྒྱུ་དང་། དེ་རྗེས་ཡུ་རོབ་ཁུལ་དུ་མཛད་འཕྲིན་ཁག་བསྐྱང་རྒྱུའི་མཛད་འཆར་ཡོད་འདུག་པ་བཅས།།