༢༠༡༢ ཟླ་ ༧ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢ ཉིན་རྒྱབ་རྡ་ས་ནས་ཕེབ་འཐོན་གནང་སྟེ་ཕྱི་ཚེས་ ༤ ཉིན་ལྡི་ལི་ནས་སུད་སི་གྲོང་ཁྱེར་ཛུ་རིཀ་ཏུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༥།༦ ཉིན་ཁུལ་དེར་ཆོས་ཕྱོགས་ཀྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་མ་ཟད། དགོན་པའི་དགེ་འདུན་པ་རྣམས་ཐུག་འཕྲད་དང་དགོན་པར་གཟིགས་ཞིབ་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་དང། ཕྱི་ཚེས་ ༨ ཉིན་སུད་སི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཞུ་གང་ཐུབ་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་ ༩།༡༠ ཉིན་ཨི་ཊ་ལིར་ (Italy) ཕེབས་ཏེ་གྲོང་ཁྱེར་མི་ལཱ་ནོར་གནས་སྡོད་བོད་རིགས་རྣམས་དང་ཆོས་ཚོགས། དེ་བཞིན་འབྲེལ་ཡོད་ཚོགས་པ་ཁག་ལ་གཟིགས་ཞིབ་གནང་རྒྱུ་མ་ཟད། ཕྱི་ཚེས་ ༡༡།༡༣ བར་ཇར་མ་ནིར་ (Germany) ཕེབས་ཐོན་གྱིས་ཁུལ་དེར་གནས་སྡོད་བོད་རིགས་ཐུག་འཕྲད་གནང་རྒྱུ་མ་ཟད། ཆོས་ཚོགས་ཁག་དང་འབྲེལ་ཡོད་ཚོགས་པ་ཁག་ལ་གཟིགས་ཞིབ་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༤།༡༧ བར་ཆོས་རིག་བཀའ་བློན་མཆོག་ཨོ་སི་ཊི་རི་ཡར་ (Austria) ཕེབས་ཏེ་ས་གནས་བོད་མི་དང་ཆོས་ཚོགས། དེ་བཞིན་འབྲེལ་ཡོད་ཚོགས་པ་ཁག་ལ་གཟིགས་ཞིབ་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༨ ཉིན་སུད་སི་ནས་མཁའ་ལམ་བརྒྱུད་ཝི་ཡ་ན་དང་དེ་ནས་ལྡི་ལི་བརྒྱུད་ཕྱི་ཚེས་ ༢༠ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།
ཆོས་རིག་བཀའ་བློན་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
གསར་གནས།
འབྲེལ་གནས།