ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༡ སྔ་དྲོ་ཚོུད་ ༨ ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། ཕྱག་རོཌ་དྲུང་འཕར་ནོར་བུ་དོན་ལྡན་གཉིས་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་དྲོ་ཚོུད་ ༦།༣༠ ཙམ་ལ་སྡེ་ར་ལྡུན་གླིང་ཚང་གཞིས་ཁོངས་ངོར་དཔལ་ཨེ་མ་ཆོས་ལྡན་གྱི་གསང་ཆེན་རྒྱུད་གྲར་འབྱོར་བ་དང་། ཚེས་ ༡༢ སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ངོར་ཨེ་ཝམ་ཆོས་ལྡན་གྱི་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེས་དབུས་རྒྱུན་བཞུཌ་དང་ཕྱོཌ་ནས་ཕེབས་པའི་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་ལས་འདུས་མང་བཅས་ནས་སེར་ཕྲེང་དང་སྦྲཌ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཀྱིས་གཙུག་ལག་ཁང་དུ་༸སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་སྟོན་འཁོར་རྣམས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཞབས་སོར་འཁོད་མཚམས། འདུ་ཁང་སྒོ་འཕྱོར་དུ་འདུས་ཚོཌ་ནས་བཀྲ་ཤིས་ཚིགས་བཅད་གསུང་བསྐུལ་དང་བཅས་༸མགོན་པོ་མཆོག་གིས་དར་ཚོན་གཅོད་བྲེག་གིས་གསང་ཆེན་རྒྱུད་གྲའི་གཙུག་ལག་ཁང་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་། རྟེན་གཙོ་ཐུབ་དབང་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་ཞལ་ཕྱེ་གནང་རྗེས་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་ཀླུ་ལྡིང་མཁན་རིན་པོ་ཆེ་དང་ཆོས་རིག་བཀའ་བློན་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེཌ་འབུལ་དང་། ཞབས་བརྟན་གནས་བརྟན་ཕྱག་མཆོད་གསུང་འདོན་གནང་མུར། གསོལ་ཇ་འབྲས་བསིལ་དང་སྦྱིན་བདག་ཁག་ནས་མང་ཇ་སྐུ་འགྱེད་འབུལ་བ་དང་ལྷན་ཆོས་རིག་ལས་ཁུངས་ངོས་ནས་ཀྱང་རྒྱུན་སྲོལ་ལྟར་ཕུལ། རྒྱུད་གྲྭའི་སློབ་གཉེར་བ་ཁང་གསར་ཞབས་དྲུང་རིན་པོ་ཆེ་ནས་ཕུན་ཚོཌ་ལྔ་ལྡན་ལྗཌ་བཤད་དང་། རྒྱུད་གྲྭའི་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་འདེཌ་འབུལ། རྒྱུད་གྲྭའི་སློབ་གཉེར་བ་ཞིག་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བཤད་པ་གནང་གྲུབ་རྗེས་བཀྲ་ཤིས་པའི་སྨོན་ལམ་དང་བཅས་མཛད་སྒོ་དངོས་གཞི་གྲུབ།
ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཙམ་ལ་གཙུག་ལག་ཁང་སྒོ་འཕྱོར་དུ་༸སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་གདན་ཞུ་དང་འབྲེལ། སྣང་གསལ་ཞལ་ཕྱེ་གནང་གྲུབ་རྗེས་ས་སྐྱ་བཙུན་དགོན་རིན་ཆེན་ཆོས་གླིང་གི་བཙུན་མ་ཁག་ཅིག་ནས་ལེགས་སྦྱར་སྐད་ཐོག་བཀྲ་ཤིས་ཚིག་བཅད་གསུང་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ངོར་དཔལ་ཨེ་ཝམ་ཆོས་ལྡན་གྱི་དྲུང་ཆེ་ནས་ཕེབས་བསུའི་གསུང་བཤད་གནང་། དཔལ་ས་སྐྱའི་རྒྱུད་གྲྭ་ཕྱག་འདེབས་པ་པོ་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་ནས་རྒྱུད་གྲྭའི་བྱུང་རིམ་དང་འབྲེལ་བའི་སྒོ་འབྱེད་གསུང་བཤད་དང་། རྒྱུད་གྲྭའི་མཁན་པོ་མཆོག་ནས་རྒྱུད་གྲྭའི་སློབ་ཚན་དང་སྒྲིག་གཞི་སོཌ་ཀྱི་སྐོར་དང་། ས་སྐྱའི་སྤྱི་འཐུས་ཚེ་རིང་པོ་ལགས་དང་། དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོཌ་མཆོག རྒྱ་གར་ལྷོ་ཕྱོཌ་(Andaman & Nicobar Island)མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྤི་ཏི་བ་ཚེ་རིང་དར་རྒྱས་མཆོག་བཅས་ནས་བླང་དོར་གསུང་བཤད་ཁག་རིམ་པར་གནང་།
དེ་ནས་དཔལ་ས་སྐྱ་༸གོང་མ་༸སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་མཆོག་ནས་བླང་དོར་བཀའ་སློབ་ཟབ་མོ་བཀའ་དྲིན་ཆེ་རྗེས་མགོན་པོ་ཉིད་ཀྱི་ཕྱག་ནས་རྒྱུད་གྲྭའི་སྦྱིན་བདག་གཙོ་བོ་སིང་ག་སྤུར་དང་ཐའི་ཝན་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་ལེགས་འབུལ་གནང་གྲུབ་མཐར། ས་གནས་འགོ་འཛིན་སྤྱི་ཟུར་གླིང་ཚང་ཚེ་རྡོར་ལགས་ནས་ཐུཌ་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་ཆབས་ཅིག་མཛད་སྒོ་ལེགས་པར་གྲུབ།
དེ་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་༸སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་མཇལ་བཅར་གྱིས་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་འབྲེལ་བའི་ཞུ་སྒོའི་སྐོར་སྙན་གསེང་སྒྲོན་འབུལ་ཞུས་པ་དང་། དེ་བཞིན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་མདུན་འཚམས་ཞུའི་མཇལ་བཅར་ཞུས།
ཕྱི་ཚེས་ ༡༣ སྔ་དྲོ་ཚོུད་ ༧ ཐོག་གླིང་ཚང་གཞིས་ཆགས་ནས་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཙམ་ལ་རྡ་སར་བདེ་འཁོད་བྱུང་བའི་གནས་ཚུལ་སྙིང་བསྡུས་སུ།
བོད་གཞུང་ཆོས་རིག་ལས་ཁུངས་ནས་ ༢༠༠༨ ཟླ་ ༡༡ ཚེས་ ༡༤ ལ།།