༢༠༡༢ ཟླ་ ༦ ཚེས་ ༨ རེས་གཟའ་པ་སངས།
༄༅། །དེ་ཡང་ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ཡིག་དྲ་ལམ་མིང་པའོ་ (Mingpao) དང་སི་ན་ (Sina.com) དྲ་རྒྱ་བཅས་ཀྱི་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་གཙོ་ཀྲུའུ་ཝེ་ཆོན་ (Zhu Weiqun) གྱི་ཚབ་ཏུ་ཀྲང་ཡིད་ཅུན་ (Zhang Yijiong) བསྐོ་གཞག་བྱས་འདུག། ཀྲང་ཡིད་ཅུན་ད་ལྟ་ཅང་ཤིའི་ཞིང་ཆེན་ (Jiangxi Province) གྱི་གུང་ཁྲན་དྲུང་ཆེ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༦ བར་ཟི་ལིང་ནང་ལས་ཀ་བྱས་པ་དང། ཕྱི་ལོ་ ༢༠༠༦ ནས་ཕྱི་ལོ་ ༢༠༡༠ བར་ལྷ་སར་གུང་ཁྲན་ཏང་གི་དྲུང་ཆེ་གཞོན་པའི་ལས་ཀ་བྱས་ཡོད།
དེ་ཡང་ (Zhang Yijiong ཀྲང་ཡིད་ཅུན་ནི་ཧྲང་ཧེ་ (Shanghai) ནས་ཡིན་པ་དང། ཕྱི་ལོ་ ༡༩༥༥ ལོའི་ཟླ་བ ༥ པར་སྐྱེས། ཕྱི་ལོ་ ༡༩༧༦ ལོའི་ཟླ་བ ༡ པོར་ཏང་ནང་ཞུགས། ཕྱི་ལོ་ ༡༩༧༢ ལོའི་ཟླ་བ ༢ པར་རྒྱ་ནག་གཞུང་གི་ལས་ཀར་ཞུགས། རྒྱ་ནག་དབུས་གཞུང་ཏང་སློབ་ནང་ལས་ཐོག་ཞིབ་འཇུག་པའི་ཤེས་ཚད་ཐོབ། ཕྱི་ལོ་ ༡༩༧༢ ཟླ་ ༢ ནས་ ཕྱི་ལོ་ ༡༩༧༩ ཟླ་ ༡༠ བར་མཚོ་སྔོན་བཟོ་བཅོས་ལས་གྲྭ་གཉིས་པའི་བཟོ་པ་དང། ཐོན་ཨུད་ཧྲུའུ་ཅི་གཞོན་པ། ཕྱི་ལོ་ ༡༩༧༩ ཟླ་ ༡༠ ནས ཕྱི་ལོ་ ༡༩༨༡ ཟླ་ ༢ རྒྱ་ནག་དབུས་གཞུང་ཐོན་སློབ་ཐེངས ༡༨ པའི་གཞུང་ལུགས་འཛིན་གྲྭར་སློབ་སྦྱོང་བྱས།
ཕྱི་ལོ་ ༡༩༨༡ ཟླ་ ༢ ནས་ཕྱི་ལོ་ ༡༩༨༣ ཟླ་ ༦ མཚོ་སྔོན་ཞིང་ཆེན་ཐོན་སློབ་དགེ་རྒན་བྱས།
ཕྱི་ལོ་ ༡༩༨༣ ཟླ་ ༦ ནས་ཕྱི་ལོ་ ༡༩༨༥ ཟླ་ ༡༠ གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་བཟོ་ཞིང་གཞོན་ནུ་པུའུ་ཀྲང་གཞོན་པ་དང་དེ་རྗེས་པུའུ་ཀྲང་རྒན་པའི་འགན་ཁུར། ཕྱི་ལོ་ ༡༩༨༥ ཟླ་ ༡༠ ནས་ཕྱི་ལོ་ ༡༩༩༠ ཟླ་ ༥ གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ཧྲུའུ་ཅི་གཞོན་པའི་འགན་ཁུར།
ཕྱི་ལོ་ ༡༩༩༠ ཟླ་ ༥ ནས་ཕྱི་ལོ་ ༡༩༩༤ ཟླ་ ༧ མཚོ་སྔོན་ཅ་ལུད་བཟོ་གྲྭའི་ཏང་ཨུད་ཧྲུའུ་ཅིའི་འགན་ཁུར། བཟོ་གྲྭའི་མགོ་པ་ཨང་དང་པོ་བྱས། ཕྱི་ལོ་ ༡༩༩༦ ཟླ་ ༦ ནས་ཕྱི་ལོ་ ༡༩༩༧ ཟླ་ ༡ མཚོ་སྔོན་ཚྭ་མཚོ་བཟོ་ལས་རུ་ཚོགས་ཚད་ཡོད་འགན་ལེན་ཀུང་སིའི་ (Company) སྤྱི་ཁྱབ་འགན་འཛིན་གཞོན་པ་དང་སྤྱི་གཉེར་བ་གཅིག་ལྕོགས། ཏང་ཨུད་ཧྲུའུ་ཅི། ཕྱི་ལོ་ ༡༩༩༧ ཟླ་ ༡ ནས་ ཕྱི་ལོ་ ༡༩༩༧ ཟླ་ ༡༡ མཚོ་སྔོན་ཚྭ་མཚོ་བཟོ་ལས་རུ་ཚོགས་ཚད་ཡོད་འགན་ལེན་ཀུང་སིའི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་སྤྱི་གཉེར་བ་གཅིག་ལྕོགས་འགན་ཁུར། ཕྱི་ལོ་ ༡༩༩༧ ཟླ་ ༡༡ ནས ཕྱི་ལོ་ ༡༩༩༨ ཟླ་ ༢ མཚོ་སྔོན་ཚྭ་མཚོ་བཟོ་ལས་རུ་ཚོགས་ཚད་ཡོད་འགན་ལེན་ཀུང་སིའི་སྤྱི་ཁྱབ་འགན་འཛིན་བྱས།
ཕྱི་ལོ་ ༡༩༩༨ ཟླ་ ༢ ནས་ཕྱི་ལོ་ ༡༩༩༩ ཟླ་ ༤ མཚོ་སྔོན་ཞིང་ཆེན་དཔལ་འབྱོར་བཟོ་ཚོང་ཀུང་སིའི་ཨུ་ཡོན་ལྷན་ཁང་ཀྲུའུ་རེན་གཞོན་པ་དང་། ཏང་ཨུད་ཧྲུའུ་ཅི་གཞོན་པའི་འགན་ཁུར། ༼ དེའི་རིང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ནས་ཕྱི་ལོ་ ༡༩༩༨ ཟླ་ ༧ བར་དབུས་གཞུང་ཏང་སློབ་ལས་ཐོག་ཁྲིམས་སྦྱོང་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས། ཕྱི་ལོ་ ༡༩༩༩ ཟླ་ ༤ ནས་ཕྱི་ལོ་ ༢༠༠༠ ཟླ་ ༥ བར་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་བཟོ་ཚོང་ཀུང་སིའི་ཀྲུའུ་རེན་དང་ཏང་ཨུད་ཧྲུའུ་ཅི་བྱས། ཕྱི་ལོ་ ༢༠༠༠ ཟླ་ ༥ ནས་ཕྱི་ལོ་ ༢༠༠༦ ཟླ་ ༡༢ བར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཨུ་ཡོན་ཧྲུའུ་ཅིའི་འགན་བླངས།
ཕྱི་ལོ་ ༢༠༠༦ ཟླ་ ༡༢ ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་ཏང་སློབ་སློབ་སྤྱི་བྱས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་སློབ་སྤྱི། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ཧྲུའུ་ཅི་གཅིག་ལྕོགས་བཅས་ཀྱི་འགན་ཁུར། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཅང་ཤིས་ཞིང་ཨུད་ཧྲུས་ཅི་གཞོན་པ་བྱས། ཕྱི་ལོ་ ༢༠༡༢ ཟླ་ ༢ ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཅང་ཤིས་ཞིང་ཆེན་སྲིད་ཁྲིམས་ཀྲུའུ་ཞི་བྱས། ཕྱི་ལོ་ ༢༠༡༢ ཟླ་ ༥ ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ཨུད་པུའུ་ཀྲང་གཞོན་པ་བྱས་ཡོད་པ་བཅས།།