༢༠༡༢ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༩ རེས་གཟའ་སྤེན་པ་ནས་ཚེས་ ༡༡ རེས་གཟའ་ཟླ་བའི་བར་ཉིན་གྲངས་གསུམ་རིང་རྡ་ས་བོད་ཀྱི་ཟློས་གར་ཚོགས་པའི་(TIPA)ཚོགས་ཁང་དུ་ཚོགས་གཏན་འཁེལ་འདུག
དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (The Core Group For Tibetan Cause) ཞེས་པས་གོ་སྒྲིག་འོག་འདི་ལོའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་གཏན་འཁེལ་ཡོད། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་པེ་རེམ་ཀུ་མར་དུ་མལ་མཆོག་དང་རྒྱལ་མོ་ཅན་ཌེ་རེ་ཤི་ཀུ་མ་རི་མཆོག བཀའ་ཁྲི་བློ་བཟང་སེང་གེ་མཆོག བླ་མ་ཆོས་འཕེལ་བཟོད་པ་མཆོག ཨིན་ཌེ་རེ་ཤི་ཀུ་མཱར་མཆོག་གིས་གཙོས་འཕགས་བོད་ཀྱི་མི་སྣ་གྲགས་ཅན་ཁག་གཅིག་ལྷན་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།