ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གསལ། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༠ ནས་ཚེས་ ༢༡ བར་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཚོགས་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་ནང་གི་མཛད་འཆར་ཁག་གཅིག་དང་སྟབས་བསྟུན་ཞུས་པར་ད་ཆ་ཆིབས་སྒྱུར་ཕྱིར་བཤོལ་གནང་བར་བརྟེན་ཚོགས་ཆེན་ཡང་ཕྱིར་འཐེན་གནང་བ་ཡིན་འདུག
དེར་བརྟེན་རྒྱལ་སྤྱིའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་རྣམས་དང་། གཞན་ཡང་འབྲེལ་ཡོད་གྲོགས་པོ་རྣམ་པར་མཛད་དཀའ་གྱུར་བཟོ་ང་ཚོས་བློ་ཕམ་དང་སྦྲགས་བཟོད་གསོལ་ཞུ་རྒྱུ་ཡིན། ཞེས་གསལ་བསྒྲགས་གནང་འདུག
འབྲེལ་མཐུད།
ཞལ་པར་ཨང་གྲངས། ༡༨༩༢་་༢༢༢༤༨༡
མྱུར་འཕྲིན་ཨང་གྲངས། ༡༨༩༢་་༢༢༤༥༩༣