ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཆོག ༢༠༠༨ ཕྱི་ཟླ་ ༩ ཚེས་ ༢༥ ཕྱི་དྲོ་རྡ་ས་ནས་ཕེབས་ཐོན་གནང་སྟེ་ཉིན་གྲངས་ ༣ རིང་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་ཆེན་ཐེངས་བརྒྱད་པར་གཞུང་འབྲེལ་ཕྱོགས་ཕེབས་བསྐྱང་རྒྱུ་ཡིན་འདུག དེ་ཡང་ཚེས་ ༢༦ ཉིན་གཞིས་ལས་ཁང་གི་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་གྱི་ས་ཞིང་ཁག་ལ་གཟིགས་སྐོར་གནང་རྒྱུ་དང་། ཚེས་ ༢༧ ཉིན་མཉམ་འབྲེལ་ཚོགས་ཆེན་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་གྲུབ་རྗེས་གཞིས་གྲོང་ ༨ པའི་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་འདེབས་ཡུལ་ས་ཞིང་ལ་གཟིགས་ཞིབ་གནང་རྗེས་གཞིས་གྲོང་མི་མང་ལ་སྲོལ་རྒྱུན་སོ་ནམ་སྐོར་གསུང་བཤད་གནང་རྒྱུ་དང་། ཚེས་ ༢༨ ཉིན་མོན་གྷོ་གཞིས་སྒར་ནས་ཧུབ་ལིར་ཕེབས་ཐོན་གྱིས་ཚེས་ ༢༩ སྔ་དྲོ་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།