༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༧ དང་ ༨ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་སྤོ་ལས་གཞི་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་ས་གནས་ཀྱི་གཞིས་སྤོ་ལས་གཞིའི་གཞུང་ལམ་གསར་བཟོ་སླད་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་དང་། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་རྣམ་གཉིས་ས་གནས་སུ་ཆེད་ཕེབས་ཀྱི་ས་གནས་འགོ་འཛིན་དང་། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་། དེ་བཞིན་གཞུང་ལམ་འཁེལ་བཞིན་པའི་འབྲེལ་ཡོད་ཞིང་བདག་བཅས་ཚོགས་བསྐོངས་ཀྱིས་གོ་བསྡུར་དང་། ཞིང་སར་དངོས་སུ་ཕྱིན་ནས་ས་ཁྲ་གཏན་འབེབས་གཞིར་བཟུང་ཞིང་བདག་རྣམས་ལ་ཞིབ་ཕྲ་གསལ་བཤད་ཀྱིས་ལས་གཞི་གང་མགྱོགས་གནང་རྒྱུའི་གྲོས་བསྡུར་བྱུང་ཡོད། །
གསར་གནས།

འབྲེལ་གནས།