༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་སྨར་ཁམས་གཞིས་བྱེས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་ཅན་དྷི་གྷར་བརྒྱུད་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་སྦེང་ལོར་ནས་སྦེལ་ཀོབ་ས་གནས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༧ ནས་ཕྱི་ཟླ་ ༣ པའི་ཚེས་ ༣ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༤ ཉིན་སྦེལ་ཀོབ་ནས་སྦེང་ལོར་ཕྱིར་ཕེབས་དང་། ཕྱི་ཚེས་ ༥ ཉིན་སྦེང་ལོར་ནས་ལྡི་ལིར་ཕྱིར་ཕེབས། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །