![](https://bod.jalus.net/wp-content/uploads/2025/02/Speaker-scaled.jpg)
དེ་ཡང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁེ་རི་སི་ ལོ་ (Chris Law, Chair of All Party Parliamentary Group on Tibet) མཆོག་ལ་བསྐུར་བའི་དགའ་བསུའི་འཚམས་འཕྲིན་ནང་འཁོད་དོན། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་གཞུང་འབྲེལ་སླར་གསོ་གནང་བར། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་དང་། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ་དེས། ཨིན་ཡུལ་གྲོས་ཚོགས་ནང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐོག་ཞུ་སྐུལ་ནུས་པ་དང་ལྡན་པ་གནང་རྒྱུར་གོམ་སྟབས་གལ་ཆེན་ཞིག་སྤོས་པ་ཆགས་ཀྱི་ཡོད།
ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་རྒྱབ་སྐྱོར་གྱིས་བོད་མི་རྣམས་ལ་རེ་བའི་བརྡ་ལན་ཤུགས་ཆེ་ཞིག་སྤྲོད་ཀྱི་ཡོད། མཉམ་རུབ་ཐོག་ང་ཚོས་མུ་མཐུད་ཚང་མ་ཆེ་མཐོང་ལྡན་པའི་ངང་གནས་ཐུབ་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ནུས་པ་ཤུགས་ཆེན་འདོན་ཐུབ་ངེས་རེད།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ང་ཚོས་མུ་མཐུད་མཉམ་རུབ་གནང་རྒྱུའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་འཁོད་འདུག་པ་བཅས། །