༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༠ ནས་ཟླ་བ་ ༣ ཚེས་ ༤ བར་ཀ་སྦུག་ཏུ་བཀའ་བློན་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་གི་ནང་མིར་ཐུགས་གསོའི་ཆེད་བཅར་དང་། གདན་ས་བཀྲ་ཤིས་ལྷུན་པོ་ནས་གདན་ཞུ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོར་བཅར་རྒྱུ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོ། ཧོན་སུར་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་གཏན་ཁེལ་ཡོད་པ་བཅས།།