༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢ ཉིན་རེས་གཟའ་ཉི་མའི་ཉིན་སུད་སི་སྐུ་ཚབ་དོན་གཅོ ད་འཕྲིན་ལས་ཆོས་སྐྱིད་ ལགས་ཀྱིས་བོད་རིགས་རྩོམ་པ་པོ་ བསྟན་འཛིན་དབང་མོ་ལགས་ཀྱི་ཇར་ མན་སྐད་ཡིག་གི་དཔེ་དེབ་རོ་སྒྲུ ང་དབུ་འབྱེད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢ ཉིན་ཕྱེད་ཡོལ་ཆུ་ཚོད་དང་ པོའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཇི་ ནི་ཝ་གཟའ་ཉི་མའི་བོད་ཡིག་སློབ་ གྲྭ་ཆེད་ཕེབས་གནང་བ་མ་ཟད། བོད་ཀྱི ་རྩོམ་པ་པོ་དང་སུད་བོད་ཚོགས་པའི ་ཕ་རཱན་སི་ཁྱབ་ཁོངས་ཀྱི་ཚོ གས་གཙོ་ཟུར་པ་བསྟན་འཛིན་དབང་མོ་ ལགས་ཀྱིས་ཉེ་དུས་པར་སྐྲུན་གནང་ བའི་ཇར་མན་སྐད་ཡིག་གི་དཔེ་དེ བ་རོ་སྒྲུང་དབུ་འབྱེད་དང་། ཇི་ནི་ཝ་གཟའ་ཉི་མའི་བོད་ཡིག་ སློབ་གྲྭའི་དགེ་སློབ་དང་ཕ་མ་རྣ མས་ལ་ལམ་སྟོན་གསུང་ བཤད་ཀྱང་གནང་ཡོད།
ཇི་ནི་ཝ་བོད་རིགས་ཚོགས་པས་གདན་ འདྲེན་ཞུས་པ་ལྟར། སུད་སི་སྐུ་ཚབ་དོན་གཅོ ད་དང་བོད་ཀྱི་རྩོམ་པ་པོ་ བསྟན་འཛིན་དབང་མོ་ལགས་ཇི་ནི་ཝ་ གཟའ་ཉི་མའི་བོད་ཡིག་སློབ་གྲྭ་ཆེ ད་ཕེབས་ཀྱིས་བསྟན་འཛིན་ དབང་མོ་ལགས་ཀྱིས་མོ་རང་གི་དཔེ་ དེབ་རྣམས་ངོ་སྤྲོད་གནང་བ་དང་། སྐུ་ཚབ་དོ ན་གཅོད་ཀྱིས་བོད་ཀྱི ་མ་འོངས་པ་ནི་ད་ལྟ་སློབ་ཕྲུག་རྣ མས་ལ་བོད་ཀྱི་རིག་གཞུང་གི་སློབ་ གསོ་ཡག་པོ་སྤྲད་ཡོད་མེད་ལ་ཐུག་ ཡོད་པས། དགེ་རྒན་དང་ཕ་མ་ཚང་མས་ གང་ནུས་ཀྱི་འབད་བརྩོན་གནང་དགོས་ པ་དང་། དེ་བཞིན་སློབ་ཕྲུག་རྣམས་ ནས་ཀྱང་སློབ་སྦྱོང་ཡག་པོ་བྱ་དགོས་ པའི་སྐུལ་མ་གནང་རྗེས་སྐུ་ཚབ ་དོན་གཅོད་ཀྱིས་བསྟན་འཛིན་ དབང་མོ་ལགས་ཀྱི་ཇར་མན་སྐད་ཡིག་ པར་གཞི་ཅན་གྱི་རོ་སྒྲུང་དབུ་འབྱེ ད་གནང་སོང་།
དེ་རྗེས་བསྟན་འཛིན་དབང་མོ་ ལགས་ཀྱིས་མོ་རང་གི་མི་ཚེ་ལོ་རྒྱུ ས་ངོ་སྤྲོད་མདོར་བསྡུས་གནང་རྗེ ས་བོད་སྐད་དང་ཕ་རཱན་སི་སྐད་ གཉིས་ཀྱི་ནང་མོའི་དཔེ་དེབ་རོ་སྒྲུ ང་གི་བརྗོད་བྱ་སློབ་ཕྲུག་རྣམས་ ལ་ཆུ་ཚོད་གཉིས་ཙམ་ལ་ངོ་སྤྲད་ གནང་བ་མ་ཟད། སློབ་ཕྲུག་རྣམས་ཀྱི་ དྲི་བར་ལན་འདེབས་ཀྱང་ གནང་ཡོད། མཐར་ཇི་ནི་ཝ་བོད་རིགས་ཚོ གས་པའི་ཚོགས་གཙོ་ཕུར་བུ་ལགས་ཀྱི ས་ཐུགས་རྗེ་ཆེ་གཏམ་བཤད་གནང་།
དཔེ་དེབ་དབུ་འབྱེད་ཐོག་ཇི་ནི་ཝ་ བོད་རིགས་ཚོགས་པའི་ཚོགས་གཙོ་དང་ རྒྱུན་ལས། གཟའ་ཉི་མའི་བོད་ཡིག་སློ བ་གྲྭའི་སློབ་ཕྲུག་དང་ཕ་མ་རྣམས་ མཉམ་ཞུགས་གནང་ཡོད།
བསྟན་འཛིན་དབང་མོ་ལགས་ཀྱི་རོ་སྒྲུ ང་ཐོག་མ་ཕ་རཱན་སི་སྐད་ཡིག་ནང་ཕྱི་ ལོ་ ༢༠༡༢ ལོར་དཔར་ཐེངས་དང་པོ་དང་ ། ཕྱི་ལོ་ ༢༠༡༨ ལོར་དཔར་ཐེངས་གཉིས་པ་པར་ སྐྲུན་གནང་ཡོད། ཨིན་ཡིག་ ནང་ཕྱི་ལོ་ ༢༠༡༥ ལོར་པར་སྐྲུན་ གནང་ཡོད། སི་པན་སྐད་ཡིག་ནང་ཕྱི་ལོ་ ༢༠༡༨ ལོར་པར་སྐྲུན་གནང་ཡོད། དེ་ བཞིན་ཇར་མན་སྐད་ཡིག་ནང་ཕྱི་ལོ་ ༢༠༢༤ ལོར་པར་སྐྲུན་གནང་ཡོད། །