༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༢ སྔ་དྲོའི་ཆུ་ཚོད་ ༩༌༣༠ ཐོག་སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་དང་། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས། ས་གནས་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་ས་གནས་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་ཚང་འཛོམས་ཀྱི་སྐོར་སྐྱོད་ཁྲིམས་ཞིབ་པའི་མདུན་དུ་སྡེ་འགན་བསྟན་འཛིན་དཔལ་འབྱོར་ལགས་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་ནང་གསལ་སྐོར་སྐྱོད་ཁྲིམས་དྲུང་གི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་པ་དང་། དེ་ཉིན་ནས་སྐོར་སྐྱོད་ཁྲིམས་དྲུང་གི་ལས་འཁུར་འགོ་འཛུགས་ཞུས་པའི་ཐོག་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ས་གནས་ཁྲིམས་དྲུང་ཞིག་གསར་བསྐོ་མ་ཞུས་བར་དུ་ས་གནས་ཁྲིམས་དྲུང་གི་ལས་འགན་རྣམས་ཀྱང་འཁུར་རྒྱུ་ཡིན་པའི་གནས་ཚུལ་དུ།།