༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་སྤྱི་ཁང་དུ་གཞིས་མི་རྣམས་ཚང་འཛོམས་ཐོག་ཉེ་ལམ་བོད་ནང་ས་ཡོམ་གྱི་རྐྱེན་པས་མི་མང་པོ་རྨས་སྐྱོན་དང་། འདས་གྲོངས་སུ་གྱུར་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྨོན་ལམ་གསུང་འདོན་གནང་ཡོད།
སྨོན་ལམ་གསུང་འདོན་སྐབས་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སྨོན་ལམ་གསུང་འདོན་གྱི་དགོས་དམིགས་དང་། ས་ཡོམ་གྱི་གོད་ཆག་འོག་ས་གནས་མི་མང་ལ་ཤུགས་རྐྱེན་ཇི་བྱུང་སྐོར་གསུང་བཤད་གནང་ཡོད། །