༄༅། །བོད་ཀྱི་ཟློས་གར་ཚོགས་པར་སྒོ་སྲུང་དང་ཁོར་ཡུག་གཙང་བཟོ་བ་གཅིག་ལྕོགས་ཀྱི་ལས་བྱེད་གཅིག་དགོས་གལ་ལྟར་འདི་གའི་ཆོད་གན་ལས་བྱེད་ཀྱི་ངོ་བོར་བསྐོ་གཞག་ཞུ་རྒྱུ་ལགས་ན། རང་རེའི་སྤྱི་ཚོགས་ཁྲོད་གཤམ་གསལ་གྱི་ཆ་རྐྱེན་ཚང་རིགས་ཁོངས་ནས་འདི་གའི་ཆོད་གན་ལས་བྱེད་དུ་ཞུགས་བློ་ཡོད་ཚེ་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ།
ཀ། དགོས་མཁོའི་ཆ་རྐྱེན་ཁག་གཤམ་གསལ།
༡། རང་ལོ་ ༣༥ ལས་མི་ཉུང་ཞིང་ ༥༥ ལས་མ་བརྒལ་བ།
༢། བོད་མིའི་དྭང་དཔྱ་དངུལ་ ༢༠༢༤།༣།༣༡ བར་འབུལ་བབས་གཙང་ཟིན་པའི་ཡིག་ཆའི་ངོ་བཤུས།
༣། ཆང་རག་ངན་གོམས་རིགས་ལ་བཀོལ་སྤྱོད་བྱེད་མཁན་མ་ཡིན་པ།
༤། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ཡིག་ཆའི་ངོ་བཤུས།
༥། ངོས་འཛིན་ཡོད་པའི་སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མའི་འདྲ་པར་མཉམ་སྦྱར།
༦། རང་ཉིད་གནས་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༧། ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་སྡེ་ཚན་ནས་དགག་བྱ་མེད་པའི་ངོ་སྦྱོར།
༨། བོད་ཨིན་གཉིས་བྲིས་ཀློག་ཐུབ་ཅིང་ཨིན་ཧིན་གཉིས་ཀྱི་སྐད་རང་རྐྱ་འཕེར་བ།
༩། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་གང་རུང་ནང་སྒོ་སྲུང་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད་མཁན་ནམ།ཡང་ན་དེ་འབྲེལ་འཛིན་སྐྱོང་སྟངས་འཛིན་བྱེད་སྒོའི་ཟབ་སྦྱོང་ཐོབ་མྱོང་མཁན་རྣམས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།༼ལག་འཁྱེར་རམ་དན་རྟགས་མཉམ་སྦྱར་དགོས་རྒྱུ།༽
༡༠། གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་རང་ཉིད་གནས་ཡུལ་གྱི་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུང་དྲུང་ཡན་གྱི་དག་མཆན་འཁོད་དགོས་རྒྱུ།
ཁ། ཕོགས་ཐོབ་དང་མཐུན་རྐྱེན།
༡། ཟླ་རེར་ཧིན་སྒོར་ ༢༢,༤༠༠།༠༠དང་ལས་ཤག་མཐུན་རྐྱེན་བཅས་ཡོད།
༢། ཐོབ་ཐང་དང་མཐུན་རྐྱེན་གཞན་བོད་ཀྱི་ཟློས་གར་ཚོགས་པའི་ཆོད་གན་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ།
༣། ཆོད་གན་གྱི་དུས་ཡུན་ལོ་གཅིག་ཡིན་ཞིང་། ལོ་གཅིག་གི་དུས་ཡུན་གཙང་མཚམས་དོ་བདག་གི་ལས་དོན་འགན་ཁུར་དང་འཇོན་ཐང་ལྷག་བསམ་བཅས་ལ་འབབ་གཟིགས་ཀྱིས་མུ་མཐུད་བསྐོ་གཞག་དགོས་མིན་ཐག་གཅོད་ཞུ་རྒྱུ།
གོང་གསལ་དགོས་མཁོའི་ཆ་རྐྱེན་ཚང་མཁན་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ འགྱངས་མེད་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་འཚང་སྙན་འབུལ་དགོས་ཤིང་། འདི་ནས་དོ་བདག་སོ་སོར་འབྲེལ་གཏུག་ཞུ་བདེའི་སླད་འཚང་སྙན་ནང་ཁ་བྱང་དང་། གློག་འཕྲིན་ (E-mail) དེ་བཞིན་ཁ་དཔར་ཨང་གྲངས་སོགས་གསལ་འགོད་དགོས་རྒྱུ། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་པར་བཅར་སྐབས་མིག་སྟོན་བྱ་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།
བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་༢༠༢༤ཟླ་ ༡༢ ཚེས་ ༢༧ ལ།།
དོགས་འདྲི་དང་འཚང་སྙན་འབུལ་ཡུལ།
Director, TIPA, Mcleodganj, Distt. Kangra-176216
Email: [email protected]