ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་མུམ་བཡིེ་དུ་ཆིབས་སྒྱུར་བསྐྱངས་ནས་ལི་ལ་ཝ་ཏིའི་ (Lilavati)སྨན་ཁང་དུ་སྐུ་ཁམས་ཅུང་ཟད་གསལ་མིན་གྱི་བརྟག་དཔྱད་གནང་གྲུབ་རྗེས་མགོན་པོ་གང་ཉིད་མུམ་བཡི་ཡི་མགྲོན་ཁང་ཞིག་ནང་སྐུ་ངལ་གསོ་གནང་མཛད་དེ་བཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ་ཉིན་མུམ་བཡི་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་ཡོད་པ་རེད། ལྡི་ལི་གསར་པར་ཉིན་ཤས་བཞུགས་ཞག་མཛད་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༩ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་བཞུགས་སྒར་རྡ་སར་སྟོན་འཁོར་དང་བཅས་༸ཞབས་སོར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག བདེ་སྲུངབཀའ་བློན་མཆོག་བཅས་གྷ་གལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་དང་། དེ་མིན་བཀའ་བློན་གཞན་རྣམས་དང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་པའི་སྤྱི་འཐུས་རྣམ་པ་བཞུགས་སྒར་ཕོ་བྲང་དུ་ཕེབས་བསུར་བཅར་ཡོད་པ་དང་སེར་སྐྱ་མི་མང་ཡོངས་ནས་ཕེབས་བསུ་དང་སྦྲགས་བཞུགས་སྒར་དུ་༸ཞབས་སོར་འཁོད་ཡོད་པའི་གནས་བསྡུས་སུ།།