༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༨ ཉིན་མུ་མཐུད་རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ་ཚོགས་ཆུང་དྲུག་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༡ དང་། རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་ ༡༣ དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ ༧ དང་། Indenpendent གྲོས་ཚོགས་འཐུས་མི་ ༡། སྲིད་འཛིན་གྱི་ཐད་བསྐོས་གྲོས་ཚོགས་འཐུས་མི་ ༡། བཅས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༣༡ དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་བོད་དོན་ཞུ་སྐུལ་གནང་རྗེས། ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཉིན་གྲངས་གསུམ་རིང་གི་བོད་དོན་ཞུ་སྐུལ་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དྲུག་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༣ དང་། མངའ་སྡེ་མི་འདྲ་བ་ཁག་དང་། སྲིད་དོན་ཚོགས་པ་ཕལ་ཆེ་བའི་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༧༩ དང་མཇལ་འཕྲད་གནང་ཐུབ་པ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༡༨ བོད་དོན་ཞུ་སྐུལ་ཉིན་གསུམ་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སའོ་མི་ཏཱ་རཱ་ ཁན་ (Shri MP Saumitra Khan) མཆོག་དང་། ༢) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇ་གྷ་ནཱ་ཏ་ སར་ཀར་ (Shri Jagannath Sarkar (BJP)) མཆོག ༣) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་བྷི་ཇིཏ་ གྷན་གོ་པཱ་དྷེ་ཡ་ (Shri Abhijit Gangopadhyay (BJP)) མཆོག ༤) ཡུ་པི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ནུཏ་ ཀུ་མར་ བྷེན་ཌི་ (Shri Vinod Kumar Bind) མཆོག ༥) རྒྱ་གར་དབུས་འཛིན་མངའ་ཁུལ་ཌ་མན་དང་། ཌིའུ་ནས་ཡིན་པ་ (Independent) དང་བླངས་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པ་ཊལ་ བྷ་པུ་བྷཡེ་ (Shri MP Patel Babubhai Daman & Diu) མཆོག ༦) ཊི་ལང་གྷ་ན་མངའ་སྡེ་ནས་ཡིན་པ་ (BSM) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནི་ཤི་ ཇཱ་སི་ཝལ་ (Shri MP KR Suresh Reddy Telangana) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་དང་།དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། ༡) མ་དེ་ཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ཤུ་ དྷ་ཏ་ ཤར་མ་ (Shri Vishu Dutt Sharma) མཆོག་དང་། ༢) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཅཱ་ཏར་པལ་ སིངྒ་ (Shri Chhatrapal Singh) མཆོག ༣) མ་དེ་ཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ ཌི་ ཤར་མ་ (Shri V. D. Sharma) མཆོག ༤) ཀར་ན་ཊ་ཀའི་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུ་མར་ ན་ཡེཀ་ (Shri Kumar Naik) མཆོག ༥) བྷི་ཧར་མངའ་སྡེ་ནས་ཡིན་པ་ (JDU) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པ་ཊལ་ བྷ་པུ་བྷཡེ་ (Shri Devesh Chandra Thakur) མཆོག ༦) ཏི་ལིང་གྷ་ན་མངའ་སྡེ་ནས་ཡིན་པ་ (Bharat Rashtra Samithi) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་ ཨར་ སུ་རེ་ཤི་ (Shri K R Suresh Reddy) མཆོག ༧) མ་དེཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝི་ཝིཀ་ ཀེ་ ཏན་ཀ་ (Shri Vivek K. Tankha) མཆོག ༨) ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝི་ཝིཀ་ ཀེ་ ཏན་ཀ་ (Shri Kumar Naik) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པས། ༡) རཇ་སི་ཐན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་དབུས་གཞུང་གི་ཞིང་ལས་བློན་ཆེན་གཞོན་པ་སྐུ་ཞབས་བྷ་གྷི་ར་ཐ་ ཅའོ་དྡི་རི་ (Shri Bhagirath Choudhary, Hon’ble Union Minister of State for Agriculture and Farmers Welfare) མཆོག་དང་། ༢) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party)སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཆོ་ཊེ་ལལ་ སིངྒ་ ཁར་ཝར་ (Shri Chhotelal Singh Kharwar) མཆོག ༣) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སུ་ནི་ཊ་ ཝར་མ་ (Smt Sunita Verma) མཆོག ༤) མ་དེཡ་པར་དི་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇ་ནར་དྷན་ མི་ཤི་རཱ་ (Shri Janardan Mishra) མཆོག ༥) ཀེ་ར་ལ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་ཌོར་ པར་ཀ་ཤི་ (Shri Adoor Prakash) མཆོག ༦) པན་ཇབ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་མར་ སིངྒ་ (Shri Amar Singh) མཆོག ༧) ཡུ་པི་མངའ་སྡེ་ནས་ཡིན་པ་ Rashtriya Lok Dal སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇཱ་ཀུ་མར་ སང་ཝན་ (MP Rajkumar Sangwan) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་དང་། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་བཞི་པས། ༡) ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་ བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལེ་ཧར་ སིངྒ་ སི་རོ་ཡ་ (Shri Lehar Singh Siroya) མཆོག་དང་ལྷན་མཇལ་འཕྲད། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ལྔ་པས། ༡) མ་དེཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷ་ཇེན་དྷར་ སིངྒ་ པ་ཊེལ་ (Shri Gajendra Singh patel) མཆོག་དང་། ༢) མ་དེཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཆོ་ཊེ་ལལ་ སིངྒ་ ཁར་ཝར་ (Shri Ganesh Singh) མཆོག ༣) མ་དེཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རོ་ཌ་མལ་ ན་གྷར་ (Shri Rodmal Nagar) མཆོག ༤) ལྡི་ལི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པ་རཱ་ཝེན་ ཁན་ཌེལ་ཝལ་ (Shri Praveen khandelwal) མཆོག ༥) མ་དེཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ཝེག་ ཏན་ཀཱ་ (Shri Adoor Prakash) མཆོག ༦) ར་ཇ་སི་ཐན་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུལ་དེབ་ ཨིན་ཊོ་ར་ (Shri Kuldeep Indora) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་དྲུག་པས། ༡) ཧར་ཡ་ན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རམ་ ཅན་དྷར་ ཇངྒ་ར་ (Shri Ram Chander Jangra) མཆོག་དང་། ༢) ཧར་ཡ་ན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་དྷ་རམ་ཝིར་ སིངྒ་ (Shri MP Dharmvir Singh) མཆོག ༣) ཇ་མུ་ཀ་ཤི་མིར་མངའ་སྡེ་ནས་ཡིན་པ་སྲིད་འཛིན་མཆོག་གིས་ཐད་བསྐོས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གྷུ་ལམ་ ཨ་ལི་ (Shri Gulam Ali, President nominated) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད། མཇལ་འཕྲད་སྐབས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སོ་སོ་ནས་ཞུ་སྐུལ་གནང་དོན་གཙོ་བོ། རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་མ་ཆད་པར་ལག་བསྟར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་སྔར་ལྷག་དམ་དྲག་དང་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ། བོད་ཕྲུག་རྣམས་བཙན་ཤེད་ཀྱིས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་སློབ་འཇུག་བྱེད་བཅུག་སྟེ། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་བའི་ཐོག སྔར་ལྷག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གཞིས་ལུས་བོད་མི་ཚོས་འདོད་པ་མེད་པར་བློས་གཏོང་ཆེན་པོས་ཞི་རྒོལ་མཚམས་མི་ཆད་པར་བྱས་ཀྱང་། སྲིད་བྱུས་ལ་འགྱུར་བ་མེད་པར་དེ་བས་དྲག་གནོན་ཤུགས་ཆེར་བཏང་བའི་རྐྱེན་གྱིས་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར་དང་། བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོད་པ། རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁག་འཕྲལ་ཏུ་མཚམས་འཇོག་ཡོང་ཐབས། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་གཏོང་བཞིན་པར་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ཞིབ་འཇུག་ཡོང་རྒྱུར་རྒྱབ་སྐྱོར་དགོས་པ་སོགས་དོན་ཚན་བརྒྱད་ཀྱི་ཐོག་རྒྱ་གར་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པར་ཞུ་སྐུལ་རྒྱ་ཆེ་གནང་བ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་མཉམ་ཞུགས་ཡོང་ཐབས་སོགས་ཞུས་པར། གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མཉམ་ཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་སོགས་གནང་བ་བྱུང་སོང་།བོད་དོན་ཞུ་སྐུལ་སྐབས། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་དང། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས། ལྡི་ལིར་གྲོས་ཚོགས་འཐུས་མིར་འབྲེལ་མཐུད་པ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་རྒྱ་མཚོ་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཆོས་དབྱིངས་ལགས་དང་། རྒྱལ་མཚན་མགོན་པོ་ལགས། བསྟན་འཛིན་དཔལ་འབྱོར་ལགས་བཅས་ནས་བོད་དོན་ཞུ་སྐུལ་ཚོགས་ཆུང་དྲུག་དང་ལྷན་གྲོས་ཚོགས་འཐུས་མི་མཇལ་འཕྲད་སྐབས་སོ་སོར་མཉམ་བཅར་ཞུས་ཡོད་པ་བཅས། །