༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་འབྱོར་སྐབས་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་ཚོགས་པ་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་ཀྱིས་ཁྱིམ་ཐོ་ཞིབ་བཤེར་ལས་གཞིའི་གལ་གནད་སྐོར་འགྲེལ་བརྗོད་གནང་སྐབས་ཁོང་གིས་ནིའུ་ཡོག་དང་ནིའུ་ཇར་སི་གཉིས་ནི་བོད་མི་གནས་སྡོད་བྱེད་མཁན་མང་གྲས་ཡིན་སྟབས། ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དེ་སྤུས་ཚད་ལྡན་པའི་ངང་ལག་བསྟར་གནང་རྒྱུ་གལ་གང་ཆེན་པོ་ཡིན་སྐོར་གསུངས།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་མང་ཚོགས་ལ་གསུང་བཤད་གནང་ཞིང་། སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་དང་ལྷན་དུ་བཀའ་མོལ་གནང་སྐབས་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྐོར་ངོ་སྤྲོད་དང་འབྲེལ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ངོས་ནས་ཞུ་གཏུག་གི་ཉིན་མོ་ཞེས་པའི་ལས་གཞི་གོ་སྒྲིག་གནང་བ་དེར་རྒྱབ་སྐྱོར་དང་མཉམ་ཞུགས་གནང་དགོས་གལ་ཡིན་སྐོར་གསུངས། ཕྱི་དྲོར་བོད་རིགས་སྤྱི་མཐུན་ཚོགས་པ་ནས་དུས་སྟོན་ཞིག་གོ་སྒྲིག་ཞུས་ཏེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་རྣམ་གཉིས་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་ཡོད།ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་བཅར་འདྲིའི་ལེ་ཚན་ཞིག་གོ་སྒྲིག་ཞུས་པར་ཞལ་བཞེས་གནང་གྲུབ་མཚམས་ཀོ་ལོ་རེ་ཌོར་ཕེབས་ཐོན་གནང་། དེ་ཡང་ཀོ་ལོ་རེ་ཌོ་གནམ་ཐང་དུ་ཕེབས་འབྱོར་སྐབས་ཀོ་ལོ་རེ་ཌོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་འཕྲད་དར་དང་བཅས་སྣེ་ལེན་ཞུས་རྗེས་བོད་རིགས་མི་མང་ཚོགས་ཁང་གི་དཔེ་མཛོད་ཁང་གསར་པ་དབུ་འབྱེད་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་དོན་འཐབ་རྩོད་དང་འབྲེལ་བའི་གནད་དོན་སྐོར་གསུང་བཤད་གནང་བ་དང་སྦྲགས། གཞོན་སྐྱེས་རྣམས་ནས་དོ་དབྱིངས་ལྡན་པའི་ཐོག་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ། དེ་བཞིན་ཨ་རིའི་སྲིད་གཞུང་གསར་པའི་འོག་བོད་མིའི་རྒྱབ་སྐྱོར་གནང་རྒྱུའི་གནས་བབ་སྐོར་བཅར་འདྲི་ཞུས་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་དབར་མཐུན་སྒྲིལ་དགོས་གལ་དང་། གཞོན་སྐྱེས་རྣམས་བོད་དོན་ཐབས་རྩོད་ཀྱི་གཞི་རྩ་ཡིན་པ་ནན་བརྗོད་གནང་ཡོད།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནིའུ་མེག་སི་ཀོར་ཕེབས་ཐོན་གནང་ཡོད་པ་བཅས།།