༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་ལོ་གཉིས་དང་ཕྱེད་ཕྱི་མའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་བྱ་ཡུལ་ཆ་བགོས་ལྟར། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣༠ ནས་ཟླ་བ་ ༡༢ ཚེས་ ༡༣ བར་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་དང་། མཆོད་རྟེན། འཇོར་པ་ཀྲི། འཕགས་ཤིང་། འཇོ་ལ་ཁེལ་བསམ་གྲུབ་གླིང་དང་ཕུན་གླིང་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༢ པའི་ཚེས་ ༡ ཉིན་བལ་ཡུལ་ལ་ཕེབས་འབྱོར་དང་། དེ་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། དེ་བཞིན་རྒྱལ་ས་འཕགས་ཤིང་དང་། འཇོ་ལ་ཁེལ་བསམ་གྲུབ་གླིང་། མཆོད་འཇོར། ཤ་ཝ་ར་གསུམ་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པ་བཅས་ཀྱི་ལྷན་ཚོགས་འདུ་ཞིག་དང་། ཁྱབ་ཁོངས་གི་གནད་ཡོད་འཐུས་མི་ཁག་གི་ལྷན་ཞུགས་མོལ་ཚོགས་འདུ་བཅས་ཚོགས་རྗེས། ཁྱབ་ཁོངས་སློབ་གྲྭ་དང་། རང་སྐྱོང་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། བླ་ཆེན་ཁག་ལ་མཇལ་ཁ་ཞུས། ཕྱི་ཚེས་ ༡༣ ཉིན་བལ་ཡུལ་རྒྱལ་ས་ཁུལ་གྱི་གཞུང་འབྲེལ་ལས་རིམ་ཁག་ལེགས་པར་གྲུབ་ནས་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་ལ་ཕྱིར་ཕེབས་གནང་ཡོད་པ་བཅས། །