༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ལྡི་ལི་དོན་གཅོད་ཁང་དུ་རྒྱ་གར་ (Societies Registration Act XXI of 1860/R.No.S-E/403) ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་ཞུས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༠ དང་། རྒྱ་གར་ (Societies Registration Act, 2006/R.No.470/2006) ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་ཞུས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༨ བསྐོང་ཚོགས་གནང་ཡོད།
དེ་ཡང་རྒྱ་གར་ (Societies Registration Act XXI of 1860/R.No.S-E/403) ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་ཞུས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༠ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མཆོག་གཙོས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཚོགས་གཞོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཚོགས་མི་སྐུ་ཞབས་ཨེས་ཨེན་གུ་ལི་ཡ་ལགས། ཚོགས་མི་དགེ་བཤེས་ལྷག་རྡོར་ལགས། ཚོགས་མི་བསོད་ནམས་སྲི་གཅོད་ལགས། ཚོགས་མི་ཚེ་རིང་དོན་གྲུབ་ལགས། དེ་བཞིན་ཚོགས་མི་གསར་པ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་བཅས་ཚོགས་མི་བདུན་ལྷན་འཛོམས་གནང་ཡོད།
ཐོག་མར་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཚོགས་གཙོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་སྐབས་སཾ་བྷོ་ཊ་བོད་སློབ་ཚོགས་མི་གསར་པ་འཇིགས་མེད་འབྱུང་གནས་ལགས་སུ་འཚམས་འདྲི་གནང་ཡོད། ཚོགས་འདུའི་ཐོག་འཛིན་སྐྱོང་དང་འབྲེལ་བའི་གྲོས་གཞི་ཁག་ཅིག་ཐོག་གྲོས་བསྡུར་དང་། གྲོས་དོན་ཐག་གཅོད་གནང་ཡོད།
དེ་བཞིན་རྒྱ་གར་ (Societies Registration Act, 2006/R.No.470/2006) ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་ཞུས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༨ བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་གཙོས་པའི་ཚོགས་གཞོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཚོགས་མི་དགེ་བཤེས་ལྷ་རྡོར་ལགས། ཚོགས་མི་བསོད་ནམས་སྲི་གཅོད་ལགས། ཚོགས་མི་པ་སངས་ཚེ་རིང་ལགས། ཚོགས་མི་ཚེ་རིང་དོན་གྲུབ་ལགས་བཅས་ལྷན་ཞུགས་ཀྱིས་གྲོས་དོན་ཁག་ཅིག་ཐོག་གྲོས་བསྡུར་ལྷུག་པོར་གནང་བ་དང་སྦྲགས། གྲོས་དོན་ཐག་གཅོད་གནང་ཡོད།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཚོགས་འདུ་ཐེངས་ ༡༠ དང་། ༡༨ གཉིས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་གོ་སྒྲིག་གནང་བ་བཞིན་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།