༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༡༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཅས་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༢ ཉིན་དོན་གྲུབ་གླིང་གོ་འཇོ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་གདན་ཞུས་གནང་བ་ལྟར། དོན་གྲུབ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་ལ་བྱེས་འབྱོར་གོ་འཇོ་བ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐོག་གཞུང་འབྲེལ་མཉམ་ཞུགས་གནང་རྗེས། རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་རྒྱུན་ལས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱུན་ལས་བསྟན་འཛིན་འཇིགས་བྲལ་ལགས། སྤྱི་འཐུས་རྒྱུན་ལས་བློ་བཟང་ཐུབ་བསྟན་ལགས་བཅས་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༣ ནས་ ༡༨ བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྣམ་པས་རྒྱལ་ས་ལྡི་ལིར་མཛད་འཆར་བསྐྱང་རྒྱུ་ཡིན་པ་བཅས།།
གསར་གནས།
འབྲེལ་གནས།