༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༧ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་ཚོགས་བཅར་བ་ཡོངས་ལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་དགའ་བསུའི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད། དེ་ཡང་གསོལ་སྟོན་དངོས་གཞི་དབུ་འཛུགས་མ་གནང་གོང་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་རེ་སྐུལ་གནང་བ་ལྟར། དཔལ་ལྡན་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྐུ་ཚབ་དོན་གཅོད་ལ་བོད་གྲོང་ལས་གཞིའི་སྐོར་གནས་སྟངས་གསར་ཤོས་ཇི་ཡིན་སྙན་སེང་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལམ་སྟོན་གནང་རྗེས་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤི
ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཀྱི་ཡོད། ཚོགས་ཆེན་ལ་ད་དུང་བྱང་ཨ་རིའི་སྤྱི་འཐུས་གཉིས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཕེབས་ཀྱི་ཡོད།བྱང་ཨ་རིར་མཚོན་ན། བོད་རིགས་སྤྱི་མཐུན་ཚོགས་པ་ནི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་མཁན་ནུས་པ་གཙོ་བོ་དེ་ཡིན། ཨ་རིར་བོད་རིགས་སྤྱི་མཐུན་ཚོགས་པ་ ༢༩ དང་། ཁེ་ན་ཊར་ ༧ བཅས་དེང་སྐབས་བྱང་ཨ་རིར་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༣༦ ཡོད། བོད་རིགས་སྤྱི་མཐུན་ཚོགས་པ་དེ་དག་གཞི་རྒྱ་ཆེ་ཆུང་དང་། སོ་སོའི་གནས་སྟངས་མི་འདྲ་ཡང་། མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་གཞོན་སྐྱེས་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དང་། ཁོང་ཚོའི་རྒྱུད་ལ་འཚེ་བ་མེད་ཅིང་བྱམས་བརྩེའི་རང་བཞིན་གྱི་བོད་ཀྱི་རིག་གཞུང་གི་ཞག་རྩི་འཇགས་པ་བྱེད་རྒྱུ། བོད་དོན་ཞུ་གཏུགས་བྱེད་རྒྱུ་བཅས་ཀྱིས་མཚོན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། བོད་རིགས་སྤྱི་མཐུན་ཚོགས་ཆེ་ཆུང་བསྡོམས་ ༣༦ ཡོད་ཁོངས་ནས་ཐེངས་འདིའི་ཚོགས་ཆེན་ལ་ས་གནས་ཁག་ ༢༦ ནས་ཚོགས་བཅར་བ་ལྔ་བཅུ་ལྷག་ཚོགས་ཆེན་ལ་ཕེབས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ནས་དུས་སང་ཕྱི་ཟླ་ ༧ པ་ནས་བཟུང་ལོ་འཁོར་མོ་བྱམས་བརྩེའི་ལོ་གཏན་འཁེལ་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་དགུ་སྟོན་སྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ལྟར། སང་ཉིན་ཚོགས་ཆེན་ཉིན་དང་པོའི་དུས་ཚོད་དང་བསྟུན་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་པ་མཚོན་པའི་སྐུ་པར་འགྲེམས་སྟོན་བྱས་སྟེ། སྔོན་འགྲོའི་དགུ་སྟོན་སྲུང་བརྩི་མཚོན་པ་བྱེད་རྒྱུ་ཡིན། སྔོན་འཆར་བྱས་ན། ཚོགས་ཆེན་ཐེངས་ ༢༢ དེ་ཕྱི་ཟླ་ ༨ པའི་ཟླ་མཇུག་ཏུ་སན་ཕི་རན་སི་སི་ཀོར་ཚོགས་འཆར་ཡང་། ཕྱི་ཟླ་ ༨ པར་བྱང་ཨ་རིའི་བོད་མི་ཡོངས་ནས་༧གོང་ས་མཆོག་་ལ་ནིའུ་ཡོག་ཏུ་་བརྟན་བཞུགས་འབུལ་རྒྱུའི་གོ་སྐབས་བྱུང་སྟབས། གྲ་སྒྲིག་ལས་དོན་མང་བའི་རྐྱེན་གྱི་་ཕྱི་ཟླ་ ༡༢ བར་ཕྱིར་འགྱངས་བྱས་ཡོད། །