ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༦ རེས་གཟའ་སྤེན་པ།
བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༦ ཉིན་འཁོད་གནས་ནང་།
༄༅། །མཚུངས་མེད་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་ལྷན་མཆོག་གང་དེར།
ཆེད་ཞུ། ཨ་རེིར་གཏན་བཞུགས་མདོ་སྨད་སྐུ་འབུམ་དགོན་གྱི་མཁན་ཟུར། བཙན་བྱོལ་བོད་གཞུང་གི་ཉེ་ཧོང་དོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དོན་གཅོད་མཛད་འགན་བཞེས་མྱོང་བ་༸སྐུའི་གཅེན་པོ་སྟག་ཚེར་ཐུབ་བསྟན་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག ༢༠༠༨།༩།༥ ཨ་རིའི་དགོང་དྲོའི་ཚོུད་ ༤ རེས་གཟའ་པ་སངས་ཉིན་དགོངས་པ་གཞན་དོན་དུ་གཤེགས་པ་ཡིད་སྐྱོའི་གནས་ཚུལ་དཔལ་ལྡན་བཀའ་ཤག་ནས་གསན་ཐོས་གྱུར་པར། དམ་དེ་ཉིད་ནས་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་དང་མི་རིགས་བཅས་པའི་རང་དབང་སླར་གསོའི་དོན་དུ་སྐུ་ཚེ་ཧྲིལ་པོ་རིང་འབོད་བརྩོན་མཛད་པའི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་ཆེད་ད་ཉིན་ཚེས་ ༦ དགོང་དྲོའི་ཚོུད་ ༢ པའི་ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་སྨོན་ལམ་ཚོུུད་ ༡ རིང་གསུངས་རྗེས་དབུས་ཀྱི་ལས་ཁུངས་ཁག་སྒོ་རྒྱབ་རྒྱུ་ཡིན་ཞེས་ཕེབས་འདུག་པ་དེ་དོན་ཁུངས་ཁྱབ་ཡོད་པ་དགོངས་འཇགས་ཞུ།
བཀའ་དྲུང་ཡིག་ཚང་ནས་ ༢༠༠༨ ཟླ་ ༩ ཚེས་ ༦ ལ་ཕུལ།།