༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་དཔལ་སྤུངས་ཤེས་རབ་གླིང་དུ་ཆུའི་འཁོར་བསྐྱོད་འཛུགས་སྐྲུན་ལས་གཞི་ (First Educational Living Water Cycle Building Project) དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཞུགས་གནང་ཡོད།
དབུ་འབྱེད་མཛད་སྒོའི་ཐོག་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་། གྲུབ་དབང་པདྨ་དོན་ཡོད་རིན་པོ་ཆེ་ཕེབས་ཞུགས་ཀྱིས་ལས་གཞི་དབུ་འབྱེད་རབ་གནས་དང་འབྲེལ། འགྲོ་བ་མིའི་འཚོ་གནས་ཆེད་ཆུའི་གལ་གནད་དང་། དེའི་ཆེད་ཆུ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད། མཛད་སྒོ་གྲུབ་མཚམས་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་རང་བྱུང་ཆུ་འཚག་སྦྱོར་ལས་གཞིར་ (natural water filtration project) གཟིགས་ཞིབ་ཏུ་ཕེབས་ཡོད་པ་བཅས། །