༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༦ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་རྒྱ ལ་ས་པཊ་ནར་ཧིན་བོད་མཛའ་འབྲེལ་ཚོ གས་པའི་གོ་སྒྲིག་འོག “རྒྱ་དཀར་ནག་གི་འབྲེལ་ལམ་དང་བོ ད་ཀྱི་རང་དབང་ལས་འགུལ།” ཞེས་པའི་བརྗོད་གཞིའི་ཐོག་རྒྱ་ གར་བོད་དོན་རྒྱབ་སྐྱོར་བའི་ཚོ གས་འདུའི་དབུ་འབྱེད་མཛད་སྒོ་ཚོ གས་ཡོད་པ་རེད།
ཚོགས་འདུའི་ཐོག་བོད་མི་མང་སྤྱི་ འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་ རྒྱལ་མཚན་ལགས་རྣམ་གཉིས་གདན་ཞུ ས་ལྟར་ཆེད་ཕེབས་ཀྱིས་བོད་དོན་སྐོ ར་ལ་གསུང་བཤད་གནང་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་སློ བ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ ཀྱིས་གསུང་བཤད་གནང་བའི་ནང་འཁོད་ དོན། རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི ་གནད་དོན་ཐོག་ག་རེ་གནང་ཐུབ་བམ་ ཞེས་ན། དང་པོ། ཨིན་ཇིས་རྒྱ་གར་དབང་བསྒྱུར་བྱ ས་སྐབས་ཕྱི་ལོ་ ༡༩༡༤ ལོར་ཤིང་སྟག་སིམ་ལའི་ཆིངས་ཡིག་ བཞག་ཡོད་པ་མ་ཟད། རྒྱ་གར་རང་བཙན་ཐོབ་མ་ཐག་ཕྱི་ལོ་ ༡༩༤༧ ལོར་རྒྱལ་ས་ལྡི་ལིར་ཨེ་ཤི་ཡའི་ ཚོགས་འདུ་ཆེན་མོ་ཞིག་བསྐོང་ཚོ གས་གནང་ཡོད་པ་དེར་བོད་གཞུང་གི་ སྐུ་ཚབ་ཚོགས་འདུའི་ནང་རང་དབང་ རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་སྐུ ་ཚབ་ངོ་བོའི་ཐོག་ལྷན་ཞུགས་གནང་ ཡོད་སྟབས། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ གཙང་མ་ཡིན་པའི་གནས་བབ་ཀྱི་དཔང་ པོ་རྒྱ་གར་གཞུང་མང་གཉིས་ནས་གནང་ དགོས།
གཉིས་པ། དེ་སྔ་བོད་རང་དབང་རང་བཙན་ཡིན་ པའི་གནས་སྐབས་སུ་རྒྱ་གར་དང་བོད་ ཀྱི་ས་མཚམས་ཁག་ཏུ་ས་སྲུང་དམག་མི ་འགྲེམས་འཇོག་བྱེད་མི་དགོས་པར་ ཞི་བདེའི་ངང་གནས་ཡོད་པ་དང་། འོན་ཀྱང་བོད་དེ་རྒྱ་དམར་གྱིས་ བཙན་བཟུང་བྱས་རྗེས་རྒྱ་དཀར་ནག་ གི་ས་མཚམས་སུ་ས་སྲུང་འགྲོ་གྲོན་ ཕོན་ཆེ་གཏོང་དགོས་པ་དེ་བཞིན་རྒྱ ་གར་མང་ཚོགས་ཀྱིས་མཁྱེན་པ་གནང་ སྟེ། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་ གནས་ཞི་བདེའི་བསྟི་གནས་ཤིག་བཟོ་ ཐུབ་པ་ཡིན་ན། རྒྱ་དཀར་ནག་ཕྱོགས་གཉིས་ཀར་ཕན་ཐོ གས་ཡོད་པ་མ་ཟད། ཨེ་ཤི་ཡ་དང་འཛམ་གླིང་ཞི་བདེ་ཡོ ང་རྒྱུར་ཡང་ཕན་ཐོགས་ངེས་ཅན་ཡོད་ སྟབས། དེ་དོན་རྒྱ་གར་གཞུང་མང་གཉིས་ནས་ བོད་དེ་བཞིན་ཞི་བདེ་བར་གནས་ཀྱི་ བསྟི་གནས་ཤིག་བཟོ་རྒྱུར་རྒྱབ་སྐྱོ ར་གནང་དགོས།
གསུམ་པ། བོད་ཀྱི་ཆོས་བརྒྱུད་ནི་རྒྱ་གར་ གྱི་གནའ་བོའི་ཆོས་རིག་ཞིག་ཡིན་ པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་རི ག་ཀྱང་དེ་ལ་ཐུག་ཡོད་སྟབས། ད་ལྟ་བོད་བསྟན་སྲིད་ཉག་ཕྲ་བའི་ དུས་སྐབས་འདིར་བོད་མིའི་ཆོས་རི ག་འཛིན་སྐྱོང་སྤེལ་གསུམ་བྱས་དང་ བྱེད་བཞིན་པར་རྒྱ་གར་གཞུང་མང་ གཉིས་ནས་སྔར་ལྷག་རྒྱབ་སྐྱོར་དང་ མཐུན་འགྱུར་ཞོག་འདེགས་གནང་དགོས།
བཞི་པ། བཙན་བྱོལ་བོད་མིའི་མི་འབོར་ཆེ་ ཤོས་རྒྱ་གར་ནང་གནས་ཡོད་པ་མ་ཟད། ༧གོང་ས་མཆོག་དང་བོད་གཞུང་གི་བསྟི ་གནས་ཀྱང་རྒྱ་གར་ནང་གནས་ཏེ། བོད་མིའི་འཐབ་རྩོད་རྒྱུན་འཁྱོ ངས་བྱས་དང་བྱེད་བཞིན་པ་མཁྱེན་ གསལ་ལྟར། བཙན་བྱོལ་བོད་མིའི་འཐབ་རྩོད་ཐོ ག་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་ སྐྱོར་གནང་རྒྱུ་ཤིན་ཏུ་ནས་གལ་ གནད་ཆེ།
ལྔ་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་ནི་འཛམ་གླིང་སའི་གོ་ ལ་འདིའི་ནང་ཆེས་སྙན་གྲགས་ཆེ་བའི ་དབུ་ཁྲིད་ཅིག་ཡིན་པ་མ་ཟད། རྒྱ་གར་གནའ་བོའི་ཆོས་རིག་འཛིན་ སྐྱོང་སྤེལ་གསུམ་ཐད་སྐུ་ལས་ཚད་ མེད་སྐྱོན་དང་བསྐྱོན་བཞིན་པར་གུ ས་བཀུར་མཚོན་སླད། རྒྱ་གར་གྱི་གཟེངས་རྟགས་ཆེ་ཤོས་བྷཱ ་རཏ་ རཏྣཱ་ (Bharat Ratna) འབུལ་ཐུབ་དགོས་རྒྱུ་དེ་ཤིན་ཏུ་ ནས་གལ་འགངས་ཆེ་བ་དང་། དེས་བོད་མི་ཙམ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི ་༧མགོན་པོ་མཆོག་གི་རྗེས་འཇུག་པ་ ཡོངས་ལ་དགའ་སྤོབས་སྐྱེ་འོས་པ་ཞི ག་ལ་འགྱུར་རྒྱུར་སོང་། དེ་དོན་རྒྱ་གར་མང་ཚོགས་དང་། ཚོགས་སྡེ་སྒྲིག་འཛུགས་ཁག་ནས་རྒྱ ་གར་དབུས་གཞུང་ལ་འབོད་སྐུལ་ཞུ་ གཏུག་གནང་གལ་ཆེ་བ་བཅས་ཀྱི་སྐོར་ གསུང་བཤད་གནང་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་རྒྱ་ གར་དབུས་གཞུང་གི་བློན་ཆེན་ཟུར་ པ་འབུམ་རམས་པ་སན་ཇེ་ པ་ས་ཝན་ (Dr. Sanjay Paswan, Former Central Minister and Union Minister) མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་ མར་གསར་འཛུགས་གནང་མཁན་གྲས་ཡིན་ པ་སློབ་དཔོན་ཆེན་མོ་སྐུ་ཞབས་ཨ་ ནན་ཌི་ ཀུ་མར་ (Professor Anand Kumar, Patron India Tibet friendship Society ) མཆོག བྷི་ཧར་ (RJD) སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུ ར་པ་དང་། མངའ་སྡེའི་ཤེས་ཡོན་བློན་ཆེན་ཟུ ར་པ། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུ ར་པ་འབུམ་རམས་པ་རཱ་མཱ་ཅན་དྷ་ར་ པུར་ཝེ་ (Dr. Ramachandra Purve, Former RJD President and Education Minister. Former Member of the Bihar Legislative Council) མཆོག བྷི་ཧར་ཧིན་བོད་མཛའ་འབྲེལ་ཚོགས་ པའི་ཚོགས་གཙོ་སྐུ་ཞབས་ཧ་རེན་དྷ ར་ ཀུ་མར་ (Shri Harendra Kumar, President of Bihar ITFS) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོ གས་པའི་སྡེ་ཚན་ནང་མའི་བྷི་ཧར་ཁུ ལ་གྱི་ཚོགས་གཙོ་སྐུ་ཞབས་པདྨ་ མཁའ་འགྲོ་ བྷུ་ཊིཡ་ (Shri Pema Khandu Bhutia, Regional Convener of CGTC-I) ལགས་བཅས་ཕེབས་ཡོད་པ་བཅས། །