༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༧ རེས་གཟའ་ཟླ་བ་ནས་ཚེས་ ༣༡ རེས་གཟའ་ཟླ་བ་བར་ལས་ཉིན་བཅུ་གསུམ་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༦ རེས་གཟའ་ཉི་མ་ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་པའི་ཚོགས་བརྡའི་གསལ་བསྒྲགས་སུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། རབ་གནས་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༧ ལ་ཕུལ།།