༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༩ ཉིན་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཀ་བིནྡར་སིངྷ་སུཀ་ཀུ་ (Sukvinder Singh Sukhu) མཆོག་གིས་གཏོང་ལེན་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་དབུ་འབྱེད་སྐབས་མཇལ་འཕྲད་གནང་ཡོད།
སྐབས་དེར་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་གཞུང་དམངས་གཙོས་པའི་རྒྱ་གར་གཞུང་དང་མི་མང་ནས་བོད་མིར་རྒྱབ་སྐྱོར་ཕན་གྲོགས་མུ་མཐུད་གནང་དང་གནང་མུས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། ཉེ་ལམ་བོད་མི་དགེ་འདུན་པ་ཞིག་ནས་རྒྱ་གར་དབུལ་ཕོངས་རྣམས་ཀྱི་ཆེད་གསར་འཛུགས་གནང་བའི་གཏོང་ལེན་སློབ་གྲྭའི་སློབ་ཟུར་ཞིག་སྨན་པའི་སློབ་གཉེར་མཐར་སོན་བྱུང་ཡོད་པ་དང་། དེ་ཉིད་ནི་བོད་མི་རྣམས་ཀྱིས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཀྱི་ལག་རྗེས་ཤིག་ཡིན་པ་གསུངས་ཡོད་པ་བཅས།།