༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༦ དང་ ༢༨ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་རྒྱ་གར་གྱི་ལོ་གསར་དུ་གྲགས་པའི་ངྷི་ཝ་ལི་ (Diwali) ཞེས་པའི་མཆོད་མེའི་ཕྲེང་བ་འབུལ་བའི་དུས་ཆེན་དང་སྟབས་བསྟུན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེཤ་ཀུ་མར་ཀཱ་ཤཱབ་ (Shri. Suresh Kumar Kashyap, MP Lok Sabha) ལགས་དང་། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སུག་རཱམ་ཅོ་དི་རི་ (Shri. Sukhram Chaudhary, MLA) ལགས། རྫོང་དཔོན་སུ་མིཏ་ (Shri Sumit Khinmta IAS, D.C) ལགས་ཀྱིས་གཙོས་ནཱ་ཧཱན་དང་སྤོན་ཊ་ཁུལ་གྱི་རྒྱ་གར་གནད་ཡོད་མི་སྣ་གྲངས་ ༢༥ ཙམ་ལ་མཇལ་བཅར་གྱིས་མངར་ཟས་སོགས་ཕུལ་ཡོད་པ་བཅས། །