༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་ཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་པ་གཉིས་ནས་མཇལ་འཕྲད་གནང་སོང་།
དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པ་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་འགྲེལ་བརྗོད་གནང་བ་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། འཇར་མན་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་བཅས་ལྷན་འཛོམས་གནང་སོང་།
དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པ་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་འགྲེལ་བརྗོད་གནང་བ་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། འཇར་མན་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་བཅས་ལྷན་འཛོམས་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་བསྒྲུབ་བྱའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་ཐབས་སྐོར་བཅས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ཁག་གི་སྐོར་དང་། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསུངས་པ་དང་སྦྲགས། བོད་རྒྱའི་དཀའ་རྙོག་མ་སེལ་བར་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་གལ་གནད་སྐོར་དང་། ཁོང་རྣམ་པའི་ངོས་ནས་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་པ། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་དང་། མུ་མཐུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབར་མཉམ་ལས་གནང་དགོས་སྐོར་གསུངས་གནང་སོང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་། ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མཐོ་སྒང་བོད་ཀྱི་ཁོར་ཡུག་དང་། བོད་ནས་བབས་པའི་ཆུ་བོ་ཁག་གི་གལ་གནད་སྐོར་དང་། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པ་མ་ཟད། རྒྱ་དཀར་ནག་གཉིས་དབར་བར་གནས་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་པ། ད་ཆ་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།
འཇར་མན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པའི་ཁོངས། ༡) འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་དང་། བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ལྕམ་སྐུ་ས་བྷིན་ བྷོ་མར་ (Ms. Sabine Bömmer, Chairwoman of ICT-Germany) ལགས། ༢) འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ (Dr. Namri Dagyab, member of the board of ICT-Germany) ལགས། ༣) འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སློབ་དཔོན་ཇན་ ཨན་ཌར་སན་ (Prof. Dr. Jan Andersson, honorary board member of ICT-Germany) ལགས། ༤) འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཀེ་ཊི་རི་ན་ བྷུར་སི་ཀོཝ་ (Ms. Katerina Bursikova, member of ICT-Germany) ལགས། ༥) ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་མར་ཊིན་ བྷུར་སིག་ (Dr. Martin Bursik, board member of ICT-Europe) ལགས། ༦) འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁེ་རི་སི་ཊོབ་ ཤཱི་ནིཊི་གྷར་ (Christoph Schnitger, member of ICT-Germany) ལགས། ༧) སྐུ་ཞབས་མར་ཊིན་ བྷུར་སིག་ལགས་དང་། ལྕམ་སྐུ་ཀེ་ཊི་རི་ན་ བྷུར་སི་ཀོཝ་ལགས་རྣམ་གཉིས་ཀྱི་བུ་མོ་ནའོ་མི་ བྷུར་སི་ཀོཝ་ (Noemi Bursikova, daughter of Martin and Katerina Bursik) ལགས། ༨) ལྕམ་སྐུ་ས་བྷིན་ བྷོ་མར་ལགས་ཀྱི་བུ་སྐུ་ཞབས་ཊིལ་ བྷོ་མར་ (Dr. Till Bömmer, son of Sabine Bömmer) ལགས། ༩) འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཀཡེ་ མུ་ལར་ (Mr. Kai Müller, Executive Director of ICT-Germany) ལགས་བཅས་ཡོད་པ་བཅས། །