༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། སྐུ་མགྲོན་འབུམ་རམས་པ་རཱ་མུ་མ་ནི་ཝ་ནན་ (Ramu Manivannan) ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་གཙོས་པའི་ཚོགས་བཅར་ཉམས་ཞིབ་པ་རྣམས་ལྷན་ཞུགས་ཐོག་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་ཡོད།མཛད་སྒོའི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གསུང་བཤད་པ་དང་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་འབྲེལ། ཚོགས་འདུའི་དགོས་དམིགས་དང་། ཉིན་གཉིས་རིང་གི་བགྲོ་གླེང་གི་བརྗོད་གཞི་ངོ་སྤྲོད་གནང་བ་དང་ཆབས་ཅིག ཚོགས་འདུ་འདི་བརྒྱུད་བོད་དང་ལྷོ་ཨེ་ཤི་ཡའི་བར་གྱི་འབྲེལ་བའི་ཐོག་ཉམས་ཞིབ་གནང་མཁན་རྣམས་ལ་སྡིངས་ཆ་ཞིག་བསྐྲུན་རྒྱུ་མ་ཟད། ཉམས་ཞིབ་པ་གཞན་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་གོ་སྐབས་སྐྲུན་གྱི་ཡོད་པ་གསུངས། གཞན་ཡང་ཁོང་གིས་ཚོགས་འདུ་དེར་ཕེབས་པའི་ཉམས་ཞིབ་པའི་ཁྲོད་ནས་དཔྱད་རྩོམ་སྤུས་ཚད་ལེགས་ཤོས་ཁག་ཅིག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་ཏུ་པར་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་མཛད་སྒོའི་དབུ་འབྱེད་གསུང་བཤད་དང་འབྲེལ་ནས་ཐོག་མར་གསུང་བཤད་པ་དང་། ཉམས་ཞིབ་པ་རྣམས་ལ་ཕེབས་བསུ་དང་ཐུགས་རྗེ་ཆེ་ཞུས་གྲུབ་མཚམས་ཚོགས་འདུའི་བརྗོད་གཞི་བོད་དང་ལྷོ་ཨེ་ཤི་ཡ། ཞེས་པའི་གལ་གནད་སྐོར་འགྲེལ་བརྗོད་གནང་སྐབས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དེས་བོད་ཁོ་ན་མིན་པར་ལྷོ་ཨེ་ཤི་ཡ་གཙོས་པའི་འཛམ་གླིང་སྤྱིའི་ཁོར་ཡུག་གནས་བབ་དང་། ཆབ་སྲིད་སོགས་གང་ཅིའི་ཐད་ནས་གནོད་སྐྱོན་ཐེབས་ཡོད་པ་དང་འབྲེལ་བ་ཆགས་ཡོད་ཅིང་། དེ་ཡང་རྒྱ་ནག་གིས་རྒྱ་གར་དང་། བལ་ཡུལ། པཱ་ཀིསྟཱན། འབྲུག་དང་ལྷན་ས་མཚམས་ཀྱི་འབྲེལ་ཤུགས་ཆེ་ཆགས་ཀྱི་ཡོད་སྟབས་རྒྱུད་གཅིག་ལམ་གཅིག་ (belt and road initiative) ཅེས་པའི་ལས་གཞི་ལ་སོགས་བརྒྱུད་རྒྱལ་ཁབ་དེ་དག་ནང་སིམ་འཛུལ་བྱ་རྒྱུའི་ཐབས་ཤེས་བྱས་དང་བྱེད་མུས་ཡིན་པ་གསུངས།དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་པའི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་བཞིན་པ་ལ་བརྟེན་ནས་བོད་ཀྱི་གངས་རི་དང་། གཙང་པོར་གནོད་སྐྱོན་ཕོགས་ཀྱི་ཡོད་པ་མ་ཟད། དེར་བརྟེན་པའི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་མང་དག་ཅིག་ལའང་གནོད་ཀྱི་ཡོད་དུས་བོད་དེ་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ལ་གལ་གནད་ཆེན་པོ་ཡིན་པ་ཤེས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞེས་གསུངས།
དེ་མཚུངས་བཀའ་བློན་མཆོག་གིས་བོད་དང་ལྷོ་ཨེ་ཤི་ཡ་གཉིས་ལོ་རྒྱུས་དང་། རིག་གཞུང་། ཆོས་ཕྱོགས། སྒོས་སུ་ནང་ཆོས་ཐད་ནས་འབྲེལ་བ་ཆགས་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་ཆོས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ཐེ་བྱུས་བྱེད་བཞིན་པ་ནི་འཛམ་གླིང་སྟེང་གི་ནང་པའི་སྤྱི་ཚོགས་ཐོག་གནོན་ཤུགས་སྤྲོད་པ་ཞིག་ཡིན་ཞེས་གསུངས་མཐར་བཀའ་བློན་མཆོག་གིས་དེང་དུས་བོད་དང་ལྷོ་ཨེ་ཤི་ཡའི་འབྲེལ་བའི་སྐོར་ཉམས་ཞིབ་གནང་མཁན་ཉུང་ཤས་ལས་མེད་སྟབས་ཚོགས་འདུ་འདི་ལྟ་བུ་ཚོགས་ཐུབ་པར་བསྔགས་བརྗོད་ཡོད་ཅེས་གསུངས།ཐེངས་འདིའི་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་གཉིས་རིང་ཚོགས་རྒྱུ་ཡིན་པ་དང་། དེར་གནའ་བོའི་ཤེས་ཡོན་རྒྱུན་འཛིན་ལམ་སྲོལ་ལྟེ་གནས་ཁང་གི་ (Centre for Indigenous Knowledge Systems) ངེས་སྟོན་པ་འབུམ་རམས་པ་རཱ་མུ་མ་ནི་ཝ་ནན་ལགས་དང་། ལེ་ཊི་ཤྲི་རམ་མཐོ་སློབ་ (Lady Shri Ram College for Women) གྱི་འབུམ་རམས་པ་ཝཱ་སུ་དྷཱ་པཱན་ཌེ་ལགས། བངྒཱལ་མཐོ་སློབ་ (University of North Bengal) གྱི་འབུམ་རམས་པ་སྭ་ཏཱ་སིདྡྷཱ་སར་ཀཱར་ལགས། རྒྱ་གར་རྒྱལ་ཡོངས་འཕྲུལ་རི