༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༠ ཉིན་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ མྱོང་མཁན་ལྷོ་ཨ་ཕི་རི་ཀའི་ཡི་ཤུ་བླ་ཆེན་(Archbishop Desmond Tutu)ཨརཅ་བི་ཤོབ་ཌེ་ས་མོན་ཊུ་ཊུ་མཆོག་ལ་གུས་བསུའི་མཛད་སྒོ་བཞུགས་སྒར་ཐེག་ ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་ཡོད།
མགོན་ པོ་གང་ཉིད་མཆོག་གིས་གུས་བསུའི་མཛད་སྒོར་བཀའ་སློབ་སྩལ་དོན། དེ་རིང་འདིར་རྡ་རམ་ས་ལའི་གནམ་གཤིས་ཉིན་འགའ་ཤས་ཡག་པོ་དང་ཉིན་འགའ་ཤས་སྐྱོ་ པོའི་གནམ་གཤིས་གནས་སྟངས་དེ་འདྲའི་འོག་ཁ་སང་དང་དེ་རིང་གནམ་གཤིས་ཡག་པོ་ཞེ་ དྲག་བསྟན་ཏེ་ཉི་འོད་ཀྱི་དྲོ་སྐྱིད་ལྡན་ལ་རླུང་གཙང་བ་དགུན་དུས་ཡིན་པར་སོང་ ལོ་འདབས་རྒྱས་མེད་ཀྱང་། ཁོར་ཡུག་མཛེས་སྡུག་ལྡན་པ་འདི་འདྲ་ཞིག་གི་ཐོག་འཛམ་གླིང་འདིའི་སྟེང་སྙན་གྲགས་ ཡོད་པ། སྙན་གྲགས་དེ་ཡང་གནས་ཚུལ་བྱེ་བྲག་གཅིག་ལ་རྟེན་ནས་བྱུང་བའང་མ་རེད།ལོ་ནས་ལོ་ བསྟུད་དེ་མིེ་ཚེ་གཅིག་གི་རིང་ལ་དངོས་གནས་གཞན་ཕན་གྱིས་བྱ་བ་རླབས་ཆེན་མཛད་ མཁན་གྱི་མི་ཞིག་དེ་རིང་འདིར་ཕེབས་ཏེ་ང་ཚོར་དགའ་བསུ་ཞུ་རྒྱུའི་གོ་སྐབས་བྱུང་ པ་རེད།
ང་ ཚོ་ཚང་མའི་སེམས་ནང་དགའ་སྤྲོ་དང་སྤོབས་པ་སྐྱེ་རྒྱུ་ཞིག་བྱུང་སོང། ཁྱེད་རང་ཚོ་ཚང་མས་ཁོང་ལ་སེམས་གཏིང་ནས་གུས་བརྩིའི་བསམ་པའི་རྣམ་འགྱུར་གྱི་ དགའ་བསུ་ཞིག་གནང་རོགས། དེ་དང་ཆབས་ཅིག་ཁོང་མི་རྩ་ཆེན་པོ་ཞིག་ང་ཚོའི་ས་ཆ་ཆུང་ཆུང་འདིའི་སྟེང་དེ་རིང་ ཁོ་རང་ངོས་ནས་ཕེབས་འདོད་གནང་བ་དང་སྦྲགས་ངོས་ཀྱིས་ཀྱང་གདན་འདྲེན་ཞུས་ཏེ་ འདིར་ཕེབས་འབྱོར་གནང་ཡོད། དེའི་དགའ་སྤྲོ་དང་སྤོབས་པ་སྐྱེ་འོས་པའི་སྟེང་ས་གནས་ཡུལ་མིའི་བགྲེས་གཙོ་ཁོང་ ཆེད་མངགས་གདན་འདྲེན་ཞུས་ཏེ་ཕེབས་ཡོད། ང་ཚོ་བོད་པ་འདིར་ལོ་ ༥༢ ལྷག་ཙམ་ཕྱིན་ཏེ་བོད་པ་དང་ཡུལ་མིའི་དབར་སྐབས་རེ་ཏོག་ཙམ་རྙོག་གྲ་ཡོང་གི་རེད།
སྤྱི་ ཡོངས་ཆ་ནས་སྤུན་ཟླ་རང་གི་ཚོར་བ་ཞིག་ཁྱེར་ཏེ་གནས་ཡོད། ད་རེས་ཁོང་གིས་ཡུལ་པའི་རྒན་འགོ་ཟེར་ནའང་བགྲེས་གཙོའི་ཚབ་བྱས་ཏེ་ཁོང་ལ་དགའ་ བསུ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ནས་སྐུ་ཞབས་ཊུ་ཊུ་ཡི་ཤུའི་ཆོས་པ་ཞིག་རེད། དེ་དང་རང་བཞིན་འབྲེལ་བ་ཡོད་པ་འདི་ག་རྒྱ་གར་བྱང་རྒྱུད་ས་ཁུལ་གྱི་ཡི་ཤུའི་ཆོས་ལུགས་ཀྱི་དབུ་ཁྲིད་འདི་གར་ཆེད་མངགས་ཕེབས་ཏེ་དགའ་བསུ་གནང་སོང་། ཆེད་མངགས་འདིར་ཕེབས་ཐུབ་ན་ཞེས་གདན་འདྲེན་ཞུས་པ་ཡིན། དེ་རིང་འདིར་ཕེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་གི་ཡིན།
༸གོང་ས་མཆོག་གིས་བླ་ཆེན་མཆོག་ལ་རྣམ་རྒྱལ་མཆོད་རྟེན་ཕྱག་རྟགས་སུ་གསོལ་སྩལ་མཛད་བཞིན་པ།
བྷོ་ཤོབ་ཊུ་ཊུ་ངོས་རང་སྒེར་ངོས་ཐོག་བཤད་ན་ལོ་མང་ཞིག་རིང་ལ་ས་ཁུལ་དང་ལུང་ པ་འདྲ་མིན་ནང་ལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷན་འཛོམས་ཡོང་སྐབས་ཁོང་དང་ མཇལ་རྒྱུའི་གོ་སྐབས་མང་པོ་ཐོབ་བྱུང་། སྔོན་ལ་བཤད་མ་ཐག་པ་ལྟར། ཁོང་སྤྱིར་མིའི་བྱམས་བརྩེ་དང་འབྲེལ་བའི་འཚེ་བ་མེད་པའི་ལྟ་སྤྱོད། དྲང་བདེན། འདྲ་མཉམ་དེ་ཚོའི་ཐོག་ལ་དམིགས་བསལ་གྱི་ཐུགས་ཁུར་བཞེས་ཏེ་ག་དུས་ཡིན་ནའང་བཀའ་ མོལ་གནང་སྐབས་དེ་འདྲའི་ཐོག་གསལ་པོ་གསུང་ཏེ་ཤུགས་རྒྱག་མཁན་ཞིག་ཆགས་ཡོད། ཡང་སྒོས་ལྷོ་ཨ་ཕི་རི་ཀའི་ལུང་པའི་ནང་ཆ་བཞག་ན།
ལྷོ་ ཨ་ཕི་རི་ཀའི་ནང་ནེལ་སེན་མཱན་ཌེ་ལ་ལགས་ཀྱི་གཅིག གང་ལྟར་ཁོང་རྣམ་པ་གཉིས་ནས་ཤུགས་སྐྱོན་ཏེ་ལུང་པ་དེའི་ནང་ལ་འཚེ་བ་མེད་པའི་ལམ་ ལ་བརྟེན་ནས་མང་གཙོའི་ཐོབ་ཐང་། འདྲ་མཉམ། དྲང་བདེན་དེ་འདྲ་ཡོང་རྒྱུའི་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད། གལ་ཆེ་ཤོས་ཤིག་གནས་ཚུལ་འགྱུར་བ་ཕྱིན་རྗེས་མིའི་སེམས་ནང་གཅིག་གིས་གཅིག་ལ་ འཁོན་འཛིན་ཡོང་རྒྱུ། དངོས་གནས་སྔར་གྱི་འདས་པའི་སྡུག་བསྔལ་དང་འདྲ་མཉམ་མེད་པའི་སེམས་ནང་གི་ཚོར་བ་ ཞིག་གནས་ཡོད་པར། ཁོང་གིས་དེའི་ཐོག་དམིགས་བསལ་འབད་བརྩོན་གནང་སྟེ་གང་ལྟར་འཁོན་འཛིན་གྱི་བསམ་པ་ སེལ་རྒྱུའི་ཐབས་ཤེས་གནང་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད་འདུག མིའི་སྤྱི་ཚོགས་ནང་གི་ཁ་ཐུག་ཁ་ཐུག་གི་དཀའ་ངལ་སེལ་ཟིན་རུང་སེམས་ནང་ལ་ཕྲན་བུ་ མི་བདེ་བ་ཞིག་ཡོད་པ་དེས་སྐབས་དང་དུས་དེ་འདྲ་ལ་རྙོག་གྲ་བཟོ་རྒྱུའི་གཞི་བྱེད་ ཀྱི་ཡོད། དེར་བརྟེན་རྙོག་གྲ་ཡོད་པ་དེ་དག་སེལ་བ་ཙམ་དུ་མ་ཟད། མིའི་སེམས་ནང་དཀའ་ངལ་གྱི་བག་ཆགས་བཞག་ཡོད་པ་དེ་སེལ་རྒྱུའི་ཐབས་ཤེས་གནང་རྒྱུ་ དེ་མ་འོངས་པར་དཀའ་ངལ་དེ་འདྲ་ཞིག་མི་ཡོང་རྒྱུའི་གཞི་རྩའི་ཐབས་ལམ་ཧ་ཅང་གལ་ ཆེན་པོ་རེད་འདུག ཁོང་གིས་འཁོན་འཛིན་མེད་པའི་ཐོག་ལ་ཕྱག་ལས་ཧ་ཅང་མང་པོ་གནང་ཡོད།
གཉིས་ནས། དྲང་བདེན་དང་འདྲ་མཉམ། མང་གཙོ། དེ་ལྟ་བུའི་ཐོག་ཁོང་ཐུགས་ཁུར་ཆེན་པོ་བཞེས་མཁན་ཞིག་ཡིན་སྟབས། ལུང་པ་དང་མི་རིགས་ཀྱི་དབྱེ་བ་མེད། འཛམ་གླིང་ས་གནས་གང་དང་གང་དུ་ཡིན་རུང་དངོས་གནས་རང་དབང་དང་འདྲ་མཉམ་མེད་པའི་ ཐོག་ནས་ང་ཚོའི་བོད་པའི་སྐད་ནང་འབུ་ཆེས་ཆུང་བཟོས་བྱས་པའི་རྙོག་གྲ་ཡོད་པ་དེ་ ཚོའི་གྲས་ལ་ཁོང་གིས་རང་བཞིན་གྱིས་ཤ་ཚ་གནང་གི་ཡོད། འབར་མ་དང་བོད་ཀྱི་གནས་ཚུལ་ལ་ཆ་བཞག་ན། དུས་སྐབས་མང་པོ་ཞིག་ལ་ཁོང་རང་གི་བསམ་བློའི་ནང་བདེན་པའི་རྒྱབ་སྐྱོར་གནང་སྟེ་ འཚེ་བ་མེད་པའི་ལྟ་གྲུབ་ཐོག་ནས་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ རྒྱུ་དེ་དག་ཁོང་གིས་ཡང་ཡང་གནང་བཞིན་ཡོད། དོན་དག་ཆུང་ཆུང་རེད། འོན་ཀྱང་ངོས་སྒེར་ངོས་ནས་བཤད་ན། ངེད་གཉིས་ངོ་ཤེས་རྗེས་རིམ་བཞིན་ཉེ་པོ་ཆགས་པར་བརྟེན་ཐུག་མ་ཐག་གཅིག་གིས་གཅིག་ ལ་རྩེད་མོ་བརྩེས་ཏེ་སྡོད་ཀྱི་ཡོད། དེར་བརྟེན་ཁོང་གི་བཞིན་རས་ག་དུས་མཇལ་རུང་ངོས་རང་གད་མོ་ཤོར་གྱི་འདུག ཁོང་ཧ་ཅང་ཡག་པོ་ཡོད། ཧ་ལས་པའི་གྲོགས་པོ་ཉེ་པོ་ཆགས་སྟབས། རྩེད་མོ་རྩེས་ཀྱི་ཡོད། ཡང་དོན་དག་ཤོད་སྐབས་ཁོང་གི་སྤྱན་སྒོར་སྒོར་གཟིགས་ཏེ་གལ་ཆེན་པོའི་ཐོག་ཁུར་ བཞེས་ཀྱི་རེད། དཔེ་ཡག་པོ་ཡོད། ཁ་སེང་ཁོང་རང་དགུང་ལོ་ ༨༠ སོན་པའི་འཁྲུངས་སྐར་དུས་ཆེན་སྐབས་ཁོང་གིས་ཤོག་གསུངས་པ་ལྟར་ཁོང་གི་ལུང་པར་ བཅར་ཐུབ་རྒྱུའི་ངོས་རང་ལ་ཧ་ཅང་རེ་བ་བྱུང་ཡང་བཅར་མ་ཐུབ་པ་རེད། ངོས་རང་བློ་ཕམ་གཅིག་ནི་དེ་དུས་བཅར་ཐུབ་ན་སྐབས་དེར་ནེལ་སན་མན་ཌེ་ལ་ཕལ་ཆེར་ དགུང་ལོ་དགུ་བཅུ་གོ་གསུམ་ཙམ་ལ་སླེབ་ཀྱི་ཡོད། ཁོང་དེ་དུས་མཇལ་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད་དྲན་བྱུང། དེ་བྱུང་མེད། འོན་ཀྱང་དེ་རིང་བྷི་ཤོབ་ཊུ་ཊུ་མཆོག་རྒྱ་གར་དུ་མཛད་འཆར་གཞན་དང་འབྲེལ་ཏེ་ མཇུག་ཏུ་དགུང་ལོ་བགྲེས་པོ་ཡིན་ནའང་དཀའ་ངལ་ཁྱད་དུ་བསད་དེ་འདིར་ཆེད་མངགས་ ཕེབས་པ་རེད། ཧ་ཅང་གི་སེམས་ནང་དགའ་སྣང་ཆེན་པོ་དང་བཀའ་དྲིན་ཆེ་བསམ་གྱི་ཡོད། ཕྱིན་ཆད་བྷི་ཤོབ་ཊུ་ཊུ་ངོས་ཀྱི་གྲོགས་པོའི་དགོངས་པར་ཏཱ་ལའི་བླ་མ་ཞེས་བརྗོད་ སྐབས་ངོས་རང་སྡོད་སའི་རྡ་རམ་ས་ལའི་ས་ཆ་འདི་ཁོང་གི་སེམས་ནང་ཤར་གྱི་རེད། རྡ་རམ་ས་ལའི་གནམ་གཤིས་སྐྱིད་པོ་དེ་དང་ཤིང་སྡོང་དེ་དག་ལོ་མ་དང་མེ་ཏོག་མཛེས་ སྡུག་ལྡན་པ་དེ་ཁོང་གིས་གཟིགས་མེད་དུས་དྲང་ཤུད་ཤུད་ཅིག་ཕལ་ཆེར་དྲན་གནང་གི་ རེད། ངོས་རང་སྒེར་གྱི་ངོས་ནས་བཤད་ན་དངོས་གནས་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཡིན། དེར་བརྟེན་འདིར་མཇལ་བར་ཧ་ཅང་དགའ་པོ་བྱུང། ཁོང་འདིར་ཕེབས་རྒྱུའི་མཐུན་རྐྱེན་སྦྱར་མཁན་ངོས་ཀྱི་གྲོགས་པོ་ཚོང་པ་གཅིག་ ཡོད་པ་ཁོང་གིས་ཁོང་རང་གི་གནམ་གྲུ་ཆེད་གཏོང་གནང་སྟེ་མཐུན་རྐྱེན་སྦྱར་བར་ ཐུགས་རྗེ་ཆེ་ཞུ་གི་ཡིན། ངོས་ཀྱིས་ནམ་རྒྱུན་ངོས་རང་མི་ཞིག་ཡིན་པའི་ངོས་ནས་ལུང་པ་དང་། ཆོས་ལུགས། ཆོས་དད་ཡོད་མེད། རིགས་རུས་ཀྱི་དབྱེ་བ་གང་ཡང་མེད་པ། གང་ལྟར་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཚང་མ་ བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། དེ་རྒྱུ་མཚན་བཀོད་དགོས་མ་རེད། བརྟག་དཔྱད་བྱེད་དགོས་མ་རེད། འབུ་སྲིན་ཞིག་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འོན་ཀྱང་འཛམ་གླིང་འདིའི་སྟེང་མིས་མྱོང་བསྡད་པའི་སྡུག་བསྔལ་མང་པོ་ཞིག་མི་རང་ ཉིད་ཀྱིས་བཟོས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། འབྱུང་བའི་གནོད་འཚེས་རྐྱེན་པའི་སྡུག་བསྔལ་མྱོང་རྒྱུ་དེ་གནས་ཚུལ་ཁག་ཁག་རེད། མིས་བཟོས་པའི་སྡུག་བསྔལ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོ་སུ་ཞིག་གི་སྡུག་བསྔལ་འདོད་ཀྱི་མེད། འོན་ཀྱང་བྱེད་སྟངས་ཤིག་གི་རྐྱེན་པས་སྡུག་བསྔལ་བཟོ་གི་ཡོད། དཔལ་འབྱོར་དང། ཆབ་སྲིད། དབང་ཆ། ཆོས་ལུགས། རིགས་རུས་ཀྱི་གནས་སྟངས་སོགས་རྒྱུ་མཚན་འདྲ་མིན་ཡོད། གང་ལྟར་ཡང་སྙིང་དེ་འདྲའི་རྐྱེན་པས་མིའི་ནང་སྡུག་བསྔལ་དང་རྙོག་གྲ་འཕར་མ་བཟོ་ རྒྱུ་ཞིག་ཡོང་གི་ཡོད། སྡུག་བསྔལ་མི་འདོད་པ་རེད་དེ་ཆེད་བསྔགས་དེ་འདྲ་བཟོ་རྒྱུ་ནི་ཇབ་མི་འདུག དེ་ཡོང་སའི་རྩ་བ་དེ་བསམ་བློ་ཆུང་དྲག་སྟེ་རྒྱ་ཆེ་ས་ནས་མཐོང་མ་ཐུབ་པར་ཕུགས་ རྒྱང་རིང་སར་བལྟ་མ་ཐུབ་པ་བྱས། མི་གཅིག་གྱུར་གྱི་འདུ་ཤེས་དེ་མ་འདང་བར་ང་ཚོ་དང་ཁོ་ཚོ་ཟེར་རྒྱུའི་གནས་ཚུལ་ དེའི་འོ་ནས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། དེར་བརྟེན་མི་རིགས། ལུང་པ། ཆོས་དད། རིགས་རུས། དབུལ་ཕྱུག ཤེས་ཡོན་ཡོད་མེད་ཁག་ཁག་དེ་དག་རིམ་པ་གཉིས་པ་རེད། གལ་ཆེ་བ་དེ་ང་ཚོ་ཚང་མ་མི་གཅིག་པ་རེད། སྐྱེས་པའི་ཉིན་མོ་དེ་ནས་མ་ཤི་བར་ང་ཚོ་ཚང་མ་མི་གཅིག་གྱུར་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། དེའི་འདུ་ཤེས་དེ་ཤུགས་ཆེ་རུ་བཏང་ཐུབ་ན་ང་ཚོ་གཅིག་གྱུར་གྱི་འདུ་ཤེས་ཇི་ཙམ་ ཤུགས་ཆེ་བས་དེའི་ཚོད་ཀྱིས་གཞན་སྡུག་བསྔལ་མི་འདོད་པ་རེད། ཨ་ཙི་ངས་མི་ལ་སྡིག་བསྔལ་བཟོས་ན་གང་ཡོང་བསམ་པ་ཞིག་དྲན་གྱི་རེད། ང་ཡང་བདེ་བ་འདོད་པ་བཞིན་ཁོང་ཚོས་ཀྱང་བདེ་བ་འདོད་པར་བརྟེན་ཁོ་ལ་ཕན་པ་ཞིག་ བྱེད་ཐུབ་ན་བསམ་པ་དྲན་གྱི་རེད། གཅིག་གྱུར་གྱི་འདུ་ཤེས་དེ་མེད་པ་བྱས། མི་མཐུན་པའི་འདུ་ཤེས་ཤུགས་ཆེན་པོ་བྱས་ཏེ་ངས་ཁོ་དབང་དུ་འདུས། ངས་ཁོ་བེད་སྤྱོད་བྱས། ངས་ཁོ་ཐུབ་ཚོད་བྱས་བསམ་པ་སོགས་དྲན་དུས་རྙོག་གྲ་བསླེབས་ཀྱི་ཡོད། དེར་བརྟེན་གཞི་རྩའི་མིའི་མཛའ་བརྩེ་དང་མི་གཅིག་གྱུར་གྱི་འདུ་ཤེས་དེ་གོང་ སྤེལ་གཏོང་དགོས་འདུག་ཅེས་ངོས་ཀྱིས་ནམ་རྒྱུན་དུ་འབད་བརྩོན་བྱེད་ཀྱི་ཡོད། ཁོང་གིས་དགོངས་པ་བཞེས་སྟངས་ཀྱང་གཅིག་མཚུངས་རེད། དེར་བརྟེན་ཁོང་དེ་རིང་འདིར་ཕེབས་པ་དེ་འདི་ལྟ་བུའི་བསམ་བློ་བཏང་སྟེ་ལས་འགུལ་ བྱེད་རྒྱུར་མཚན་སྙན་གྲགས་ཡོད་པའི་མི་ཞིག་གི་རྒྱབ་སྐྱོར་གནང་ཡོང་དུས་དེ་གནད་ འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེ་ནས་གཉིས་པ་གཅིག་དེ་ངོས་རང་ནང་པའི་དགེ་སློང་ཞིག་རེད། ཆོས་ལུགས་ཚང་མ་མཐུན་པོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་དང་། དེ་ཡང་ཆོས་ལུགས་ཕན་ཚུན་མཐུན་པོ་བྱེད་དགོས་ཀྱི་ཟེར་དགོས་རྒྱུ་དེ་བསམ་བློའི་ རེ་བ་བྱེད་རྒྱུ་གཅིག་པུ་མིན་པར། རྒྱ་གར་གྱི་ལུང་པ་འདིའི་ནང་ལོ་སྟོང་ཕྲག་གཉིས་གསུམ་གྱི་རིང་ལ་ཆོས་ལུགས་འདྲ་ མིན་མང་པོ་ཞིག་མཉམ་དུ་སྡོད་ཀྱི་ཡོད། སྐབས་རེ་ཕྲན་བུ་རྙོག་གྲ་ཡོང་གི་ཡོད། དེ་ཡོང་སྲིད་པ་རེད། མི་དུ་ཕྱུར་བཅུ་གྲངས་ཡོད་པའི་ལུང་པ་ཞིག་གི་ནང་རྙོག་གྲ་ཕྲན་བུ་ཡོང་སྲིད་ཀྱི་ རེད། སྤྱི་ཡོངས་ཀྱི་ཐོག་ནས་བཤད་ན་རྒྱ་གར་ཐུན་མོང་མ་ཡིན་པ་རེད་འདུག ཆོས་བརྒྱུད་འདྲ་མིན་མང་པོ་ཞིག་རྒྱ་གར་རང་ཉིད་ལ་སྐྱེས་ཤིང་ཚར་ལོངས་བྱས་པའི་ ཆོས་བརྒྱུད་དེ་དག་གི་ཐོག་འཛམ་གླིང་གཞན་ནས་ཆོས་བརྒྱུད་གཙོ་ཆེ་བ་ཚང་མ་རྒྱ་གར་ ནང་ལོ་སྟོང་ཕྲག་ནས་གནས་བསྡད་ཡོད། ཚང་མ་དངོས་གནས་དྲང་གནས་གཅིག་གི་གཅིག་ལ་ཆོས་གྲོགས་ཀྱི་འདུ་ཤེས་དང། ཐ་ན་ཆོས་གྲོགས་ཀྱི་འདུ་ཤེས་མེད་ནའང་འཛམ་གླིང་འདིའི་སྟེང་རྒྱ་གར་གྱི་ལུང་པ་ འདིའི་ནང་ཆོས་དད་འདྲ་མིན་ཡོད་པ་དེ་ཆོས་ལུགས་སྒོ་ནས་ངོས་ལེན་དང་ངོས་འཛིན་ བྱས་ཏེ་བསྡད་ཡོད། འཛམ་གླིང་འདིིའི་སྟེང་ལ་ཆོས་དད་ཕྲན་བུ་མི་འདྲ་བ་ཡོད་པ། དཔེར་ན། ཡི་ཤུའི་སྟོན་པའི་རྗེས་འབྲངས་གཅིག་གྱུར་ཡིན་ཡང་(Protestant)དང་(Catholic) ཞེས་རྙོག་གྲ་ཤོད་རྒྱུ་དང་། ཁ་ཆེའི་ཆོས་ལུགས་གཅིག་པ་ཡིན་ཡང་ཤི་ཡ་དང་སོ་ནི་ཞེས་རྙོག་གྲ་ཡོད་པ་དེ་ལྟ་ བུའི་གནས་སྟངས་འོག་ལ་རྒྱ་གར་གྱི་ལོ་སྟོང་ཕྲག་རིང་ལ་བྱང་ཞིང་གོམས་པའི་ཆོས་ ལུགས་མཐུན་སྒྲིལ་ཞེས་པ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག གཞི་རྩ་དེའི་ཐོག་ཁོང་གིས་དེ་རིང་འདིར་ཡི་ཤུ་བླ༌མ་སྙན་གྲགས་ཡོད་པ་ཞིག་འདིར་ ཕེབས། དགའ་བསུ་ཞུ་མཁན་ཡང་ས་ཆ་འདི་གའི་ཡི་ཤུ་བླ་མ་ཞིག་ཕེབས་ཏེ་ང་ཚོ་མཉམ་རུབ་བྱས་པ་ དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན། ང་ཚོར་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཚང་མས་གཞན་ཕན་སྒྲུབ་དགོས་པ་ རེད་ཅེས་པའི་བསླབ་བྱ་དེ་གཅིག་གྱུར་ཡིན་པ་དང་། བསླབ་བྱ་དེ་ཉམས་ལེན་བྱེད་མཁན་གཅིག་གྱུར་ཆགས་ཡོད། དེའི་རྣམ་པ་ཐོན་ཐུབ་ཀྱི་འདུག ལྷག་པར་ཡི་ཤུའི་ཆོས་པ་ཚོར་ཆ་བཞག་ན། ངོས་ཀྱིས་དུས་རྟག་ཏུ་ཤོད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་ཆོས་བརྒྱུད་མི་འདྲ་བ་ཡོད་པའི་ནང་ནས་འགྲོ་བ་མིའི་ཤེས་ ཡོན་ཡར་རྒྱས་གཏོང་རྒྱུ། དེ་བཞིན་འཕྲོད་བསྟེན་གྱི་ཞབས་འདེགས་བསྒྲུབ་རྒྱུར་ཡི་ཤུའི་ཆོས་པ་ཚོས་ཞབས་ འདེགས་ཆེ་ཤོས་བསྒྲུབས་ཡོད།
ང་ཚོ་ནང་པར་ཆ་བཞག་ནའང་དེ་ཙམ་ཤུགས་ཆེན་པོ་མེད། ཧིན་ཌུར་ཆ་བཞག་ནའང་དེ་ཙམ་མང་པོ་མི་འདུག ར་མ་ཁར་ཤིན་ཞེས་པ་དེ་འདྲའི་ཐོག་ནས་དེ་རིང་ཁ་སང་ནུས་པ་ཆེ་རུ་འགྲོ་གི་ཡོད་པ་ མ་གཏོགས་དེ་མིན་སོ་སོའི་ཆོས་ཉམས་ལེན་བྱས་ནས་བསྡད་པ་མ་གཏོགས་སྤྱི་ཚོགས་སྤྱི་ ཡོངས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་དེ་དག་ལ་ཡི་ཤུའི་ཆོས་པ་ཚོ་ཤུགས་ཆེ་བ་འདུག སྐབས་རེ་ཆོས་དད་བསྒྱུར་རྒྱུའི་ལས་འགུལ་ཕྲན་བུ་ཡོང་གི་ཡོད་པ་དེ་དག་གནས་ཚུལ་ ཐ་དད་རེད། སྐབས་རེ་གདོང་ཐུག་ཡོང་རྒྱུའི་ཉེན་ཁ་ཕྲན་བུ་ཡོང་གི་འདུག་པ་དེ་གནས་ཚུལ་ཁག་ཁག་ རེད། སྤྱི་ཡོངས་ཆ་ནས་དངོས་གནས་དྲང་གནས་འཛམ་གླིང་འདིའི་ཐོག་ལ་གཞན་ཕན་གྱི་གཞི་རྩ་ དང་ཤེས་ཡོན་འཕྲོད་བསྟེན་ཐོག་ནས་ཞབས་འདེགས་སྒྲུབ་མཁན་ཤུགས་ཆེ་ཤོས་ཤིག་ཡི་ ཤུའི་ཆོས་གྲོགས་ཚོ་རེད་འདུག་པར་ངོས་རང་དེར་ངོ་མཚར་བསྐྱེད་ཀྱི་འདུག ནང་པ་ཚོར་ཆ་བཞག་ན། བྱེད་སྟངས་དེ་དང་དང་ཉམས་མྱོང་དེ་དག་ལ་ང་ཚོས་སློབ་སྦྱོང་བྱེད་དགོས་ཀྱི་འདུག དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་དེའི་ ནང་ལ་དེ་རིང་ཡི་ཤུའི་བླ་ཆེན་རིན་པོ་ཆེ་ཞུས་ན་འགྲིག་གི་མེད་འགྲོ ཡི་ཤུ་ཆོས་དཔོན་རིན་པོ་ཆེ་འདིར་ཆེེད་མངགས་ཕེབས་པར་བརྟེན་དངོས་གནས་དྲང་གནས་ ཆོས་ལུགས་མཐུན་སྒྲིལ་གྱི་རྣམ་པ་གསལ་པོ་མཚོན་རྒྱུའི་རྣམ་འགྱུར་ཤུགས་ཆེན་པོ་བྱུང་སོང་བས་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ཀྱི་སྐོར་ལ་ཆ་བཞག་ན། གོང་དུ་ཞུས་པ་ལྟར་རེད། ཁོང་གིས་དུས་ནས་དུས་སུ་ང་ཚོ་བོད་ཀྱི་དཀའ་ངལ་ཐོག་ལ་ཡིན་རུང་གདུང་སེམས་མཉམ་ སྐྱེ་དང་བདེན་པར་བདེན་པའི་རྒྱབ་སྐྱོར་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་ཕེབས་རྗེས་དབྱིན་སྐད་ཐོག་བཀའ་སློབ་སྩལ་ཡོད།