ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག ༢༠༠༨ ཕྱི་ཟླ་ ༨ ཚེས་ ༡༧ སྔ་དྲོ་གངས་སྐྱིད་ནས་སྣུམ་འཁོར་བརྒྱུད་ཅན་རྡི་གར་ཕེབས་ཐོན་གནང་བ་དང་། ཕྱི་དྲོ་ཕྱག་ཚོད་ ༦།༠༠ པའི་ཐོག་ཅན་རྡི་གར་ནས་མེ་འཁོར་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་སྟེ་བཀའ་བློན་བསྟན་པ་ཚེ་རིང་མཆོག་དང་ལྷན་འཛོམས་གནང་གྲུབ་རྗེས་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག (Rebon-Benerjee)དང་ལྷན་འཛོམས་གནང་བ་དང་། ཕྱི་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕ་རན་སིར་ཕེབས་འབྱོར་གནང་སྟེ་ཚེས་ ༢༠ ནས་ ༢༢ བར་ཉིན་གྲངས་གསུམ་རིང་བསོད་རྒྱལ་རིན་པོ་ཆེ་མཆོག་གི་རིག་པ་ལས་རབ་གླིང་ཆོས་ཚོགས་ཀྱི་དགོན་པ་གསར་བཞེངས་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་བ་དང་། དེ་རྗེས་ཚེས་ ༢༣ ནས་ ༢༦ བར་ཉིན་གྲངས་བཞིའི་རིང་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་ཕ་རན་སིའི་སྐུ་ཚབ་དོན་གཅོད་སོགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༥ པའི་ཐོག་སྔོན་འགྲོའི་གྲ་སྒྲིག་ལྷན་འཛོམས་གནང་རྒྱུ་དང་། ཚེས་ ༢༧ ཉིན་ཕ་རན་སི་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་འགྲུབ་རྗེས་ཚེས་ ༢༩ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།