༄༅། །ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཕུན་ ཚོགས་དབང་ཕྱུག་གམ་གྲུབ་ཐོབ་ལགས་ ནི། ཕྱི་ལོ་ ༡༩༧༣ ལོར་ལྷོ་ཁ་འཕྱོངས་རྒྱས་སུ་སྐྱེ ས་ཞིང་། ཕྱི་ལོ་ ༡༩༩༤ ཟླ་ ༥ ཚེས་ ༡༣ ཉིན་ཁོང་གིས་སློབ་གྲྭའི་སྦྱར་ པང་སྟེང་ཆབ་སྲིད་དང་འབྲེལ་བའི་ ཡིག་ཆ་སྦྱར་བ་དང་། དེ་རྗེས་ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༣ ཙམ་ལ་སླར་ཡང་སློབ་གྲྭའི་སྦྱར་ པང་ཐོག་ཆབ་སྲིད་དང་འབྲེལ་བའི་ གཞས་ཚིག་དང་འབོད་སྒྲ་སྦྱར།
དེ་ནས་ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༤ ཉིན་ཁོང་དང་རོགས་པ་འགས་སྣེ་གདོ ང་ཟམ་པའི་སྟེང་ཆབ་སྲིད་ཀྱི་ཡིག་ ཆ་བཀྲམས་པ་བཅས་ལ་བརྟེན་ནས་ཕྱི་ ལོ་ ༡༩༩༤ ཟླ་ ༦ ཚེས་ ༡༥ ཉིན་ཁོང་འཛིན་བཟུང་གིས་ཟླ་ ༧ ཚེས་ ༡༡ ཉིན་ལྷོ་ཁ་རྩེད་ཐང་ཁྲིམས་ཁང་ཟེ ར་བས་ལོ་ལྔའི་བཙོན་འཇུག་ཁྲིམས་ ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་ བཙོན་བཅུག་བྱས་ནས་མཐར་ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༡༦ ཉིན་གློད་བཀྲོལ་བཏང་ཡོད་འདུག
ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༨ ཉིན་བཞུགས་སྒར་དུ་བཙན་བྱོལ་ལ་ འབྱོར། ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་དགུ་བཅུ་གསུམ་གྱི་ ལས་འགུལ་ཚོགས་པའི་དྲུང་ཆེ་གནང་ མྱོང་བ་རེད། ཁོང་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༠ ཡི་ཕྱི་དྲོ་བྱང་ཨ་རིར་སྐུ་ཚེ་མ་ ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོ ན་འདུག་པར་མྱ་ངན་གུས་བཏུད་ཞུ་རྒྱུ ་དང་། དམ་པ་ཁོང་ཉིད་ཚེ་རབས་ཀུན་ཏུ་ འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ ་འཛིན་པའི་ཐུགས་སྨོན་སྐྱབས་འཇུ ག་དང་ཤུལ་ལུས་ནང་མི་རྣམས་ལ་མྱ་ ངན་གུས་འདུད་ཞུ། །