༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། གནས་ཚུལ་ཐོན་པར་གཞིགས་ན། ཕྱི་
ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་བོད་སྐད་རླུང་འཕྲིན་ཁང་ནས་གནས་
བྱང་ཨ་རི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ནས། དེ་རིང་དགོང་མོ་ཆུ་ཚོད་ལྔ་པ་ཙམ་ལ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་དབར་གྱི་ (WhatseApp) གླེང་སྟེགས་བརྒྱུད་ “ ཨ་རིའི་ནང་གི་སྤྱི་མཐུན་ཚོགས་པ་ཚང་མར་གཏམ་བཟང་པོ་དེ་མཉམ་སྤྱོད་དང་འབྲེལ་ཉེ་ཆར་སྤྱི་མཐུན་ཚོགས་པ་ཁག་གིས་སོ་སོའི་ཁྱབ་ཁོངས་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་ཕྱག་བྲིས་བཏང་བ་དེས་ཕན་ཐོགས་ཆེན་པོ་བྱུང་སོང་། ད་དུང་མུ་མཐུད་ཧུར་ཐག་གནང་རོགས། དོན་གཅོད་ལས་ཁུངས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་བྱེད་དགོས་པ་ཁག་འཐུས་ཤོར་མེད་པར་སྒྲུབ་བཞིན་ཡོད་ལ། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེང་སང་ཝ་ཤིང་ཊོན་སྒྲི་སི་རུ་གཞུང་འབྲེལ་འཚམས་འདྲི་གནང་བཞིན་པའི་སྐུ་དོན་གཙོ་བོ་ཡང་ཁྲིམས་འཆར་དེ་རང་གི་ཐོག་ལ་ཤུགས་རྒྱག་རྒྱུ་དེ་ཡིན།” ཞེས་དང་། སྐུ་ཚབ་དོན་གཅོད་མཆོག་གིས་ད་དུང་། ཁ་ས་དགོང་མོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་རི་ཆ་ཊི་གྷིར་དང་ལྷན་དུ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བྷེན་ཁར་ཌིན་ (Ben Cardin) ལགས་དང་མཇལ་མོལ་གྱི་མཛད་རིམ་དེ་ཧ་ཅང་ཡག་པོ་བྱུང་ཞིང་། བྷེན་ཁར་ཌིན་ལགས་ཀྱིས་ཁྲིམས་འཆར་འདི་གོམ་པ་མདུན་སྤོས་ཡོང་ཐབས་སུ་ཁོང་གི་ངོས་ནས་ནུས་ཤུགས་ཡོད་ཚད་འདོན་རྒྱུའི་ཞལ་བཞེས་གཙང་མ་གནང་སོང་། ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།
བོད་དོན་ཁྲིམས་འཆར་དེའི་ནང་། རྒྱ་ནག་གཞུང་གིས་བོད་འདི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་འགྲེལ་ལོག་འཁྱོག་བཤད་བྱེད་བཞིན་པར་ཨ་རི་སྲིད་གཞུང་ནས་གདོང་ལེན་བྱེད་རྒྱུ། སོགས་ཀྱི་གལ་ཆེའི་ནང་དོན་འཁོད་ཡོད་པ་རེད།