![](https://bod.jalus.net/wp-content/uploads/2024/03/1-5-scaled.jpg)
དེ་ཡང་སྔ་དྲོ་ཁྲིམས་བཟོའི་ལས་ དོན། བརྗོད་པ་དང་པོའི་ལས་རིམ་ཐོག་ཁྲི མས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོ གས་ཆུང་གི་དྲུང་ཆེ་སྤྱི་འཐུས་ གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི ་བསྐྱར་བཅོས་ཁྲིམས་འཆར་སྙན་སྒྲོ ན་དང་ཚོགས་མི་སྤྱི་འཐུས་ཀརྨ་དགེ ་ལེགས་ལགས་ཀྱིས་རྒྱབ་སྐྱོར་གནང་ བ་དང་།
དེ་བཞིན་ཚོགས་ཆུང་གི་ཚོགས་མི་སྤྱི ་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ བློ་བཟང་ཕན་བདེ་ལགས་ཀྱིས་བོད་མི ་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོ གས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་ གཞི་བསྐྱར་བཅོས་ཁྲིམས་འཆར་སྙན་ སྒྲོན་དང་ཚོགས་མི་སྤྱི་འཐུས་ཐུ བ་བསྟན་རྒྱ་མཚོ་ལགས་ཀྱིས་རྒྱབ་ སྐྱོར་གནང་།
དེ་མཚུངས་ཁྲིམས་སྒྲིག་བསྐྱར་བཅོ ས་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་ སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུའི ་སྒྲིག་གཞིའི་བསྐྱར་བཅོས་ཁྲིམས་ འཆར་སྙན་སྒྲོན་དང་ཚོགས་ཆུང་གི་ དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ ཁྲིམས་ལགས་ཀྱིས་རྒྱབ་སྐྱོར་གནང་ །
![](https://bod.jalus.net/wp-content/uploads/2024/03/3-4-scaled.jpg)
དེ་བཞིན་བཙན་བྱོལ་བོད་མིའི་རྩི ས་ཞིབ་ལས་ཁང་གི་སྒྲིག་གཞི་བསྐྱ ར་བཅོས་ཁྲིམས་འཆར་ཁྲིམས་སྒྲིག་ བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི ་ཚོགས་མི་སྤྱི་འཐུས་ཐུབ་བསྟན་རྒྱ ་མཚོ་ལགས་ཀྱིས་སྙན་སྒྲོན་དང་ཚོ གས་མི་སྤྱི་འཐུས་དགེ་བཤེས་ལྷ་ རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་རྒྱབ་སྐྱོར་གནང་སོང་།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟི ན་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུ ས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲི མས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་ གཞི་བསྐྱར་བཅོས་ཁྲིམས་འཆར་སྙན་ སྒྲོན་དང་ཚོགས་མི་སྤྱི་འཐུས་དགེ ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ ཕན་བདེ་ལགས་ཀྱིས་རྒྱབ་སྐྱོར་ གནང་བ་དང་།
དེ་མཚུངས་ཁྲིམས་སྒྲིག་བསྐྱར་ བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་ མི་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་རྣ མས་ཀྱི་མཚན་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་ གཞི་བསྐྱར་བཅོས་ཁྲིམས་འཆར་སྙན་ སྒྲོན་དང་ཚོགས་ཆུང་གི་དྲུང་ཆེ་ སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ ལགས་ཀྱིས་རྒྱབ་སྐྱོར་གནང་།
བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩི ས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་ གཞི་བསྐྱར་བཅོས་ཁྲིམས་འཆར་ཚོགས་ ཆུང་གི་ཚོགས་མི་སྤྱི་འཐུས་ཐུབ་ བསྟན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོ ན་དང་ཚོགས་མི་སྤྱི་འཐུས་དགེ་བཤེ ས་ལྷ་རམས་པ་གོ་བོ་བློ་བཟང་ཕན་ བདེ་ལགས་ཀྱིས་རྒྱབ་སྐྱོར་གནང་བ་ དང་།
དེ་རྗེས་བོད་མི་མང་ཕྱོགས་བཞུགས་ སྤྱི་འཐུས་རྣམས་ཀྱི་ལས་དོན་གཞུ ང་འབྲེལ་ངོས་བཞེས་བྱེད་ཕྱོགས་ཀྱི ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་ འཆར་ཚོགས་ཆུང་གི་དྲུང་ཆེ་སྤྱི་ འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱི ས་སྙན་སྒྲོན་དང་ཚོགས་མི་སྤྱི་ འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་རྒྱ བ་སྐྱོར་གནང་སོང་།
ཁྲིམས་སྒྲིག་བསྐྱར་བཅོས་ཁྲིམས་ འཆར་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ འཐུས་ཟླ་བ་ཕུན་སྐྱིད་ལགས་དང་ཚོ གས་དྲུང་སྤྱི་འཐུས་གསེར་རྟ་ཚུལ་ ཁྲིམས་ལགས་ཀྱིས་གཙོས་ཚོགས་མི་སྤྱི ་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ བློ་བཟང་ཕན་བདེ་ལགས་དང་། ཚོགས་མི་སྤྱི་འཐུས་ཀརྨ་དགེ་ལེ གས་ལགས། ཚོགས་མི་སྤྱི་འཐུས་ཐུབ་བསྟན་རྒྱ ་མཚོ་ལགས་བཅས་ནས་བརྗོད་པ་དང་པོ འི་སྐབས་འཆར་ཟིན་གྱི་ཚིག་དོན་ལ་ གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམི གས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེ ལ་བརྗོད་དགོས་རིགས་གནང་སྟེ་བརྗོ ད་པ་དང་པོ་ཟིན་པ་དང་།
མུ་མཐུད་ལས་ཁུངས་གོ་རིམ་བཞིན་ སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་ གླེང་དང་། གཏན་འབེབས་ཀྱི་ལས་རིམ་ཐོག་ནང་སྲི ད་ལས་ཁུངས་ཀྱི་ལས་དོན་དང་སྔོན་ རྩིས་ཐོག་བགྲོ་གླེང་གནང་བ་དང་། ནང་སྲིད་དང་འབྲེལ་བའི་སྤྱི་འཐུ ས་རྣམ་པས་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེ ན་པ་ཚེ་རིང་མཆོག་གིས་ལན་འདེབས་ གསལ་བཤད་གནང་སོང་།
དེ་རིང་ཕྱི་དྲིལ་ལས་ཁུངས་ཀྱི་ སྐུ་མགྲོན་ཁག་ཅིག་གྲོས་ཚོགས་འཚོ གས་བཞིན་པའི་སྐབས་ཟུར་ཉན་དུ་ཕེ བས་པ་དང་། ཁོང་རྣམ་པར་གྲོས་ཚོགས་ནས་དགའ་ བསུ་གནང་ཡོད་པ་བཅས། །