༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༠༥ ནས་ ༡༥ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་འབྲེལ་ཡོད་ལས་འཆར་ལས་བྱེད་སྐལ་བཟང་ཆོས་སྒྲོན་ལགས་ཀྱི་ས་གནས་ཀྱི་ལས་འཆར་དང་འབྲེལ་བའི་གནད་དོན་རྟོག་ཞིབ་ལེགས་པར་མཇུག་སྒྲིལ་ཡོད།
ཐེངས་འདིའི་རྟོག་ཞིབ་ལས་དོན་གྱི་དམིགས་ཡུལ་གཙོ་བོ་ནི། འབྱུང་འགྱུར་ལོ་བཞིའི་ཆུ་དང་གཙང་སྦྲའི་ལས་གཞིའི་ཁོངས་ཁྲོན་པ་དང་། ཆུ་ལམ། སྒེར་དང་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་གནང་ཕྱོགས་ཇི་དགེའི་གནས་སྟངས་རྒྱུན་ལོན་ཞུ་རྒྱུ་ཡིན། འབྲེལ་ཡོད་ལས་བྱེད་ལྷན་དུ་བོད་ཀྱི་རྩའི་འཐུས་ཚབ་ཚེ་རིང་སྒྲོལ་མ་ལགས་མཉམ་བཅར་ཞུས་ཡོད་པ་བཅས།།