ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །དཔལ་ལྡན་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ཏུ་འཚམས་གཟིགས་ལ་ཕེབས་རྒྱུ་ཡིན་འདུག
དེ་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༥ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལི་བརྒྱུད་གྷོ་བ་ལ་ཕེབས་གནང་རྒྱུ་དང་། ཉིན་དེ་རང་གྷོ་བ་ནས་མཁའ་ལམ་བརྒྱུད་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༧ ཚེས་ ༢༩ ཉིན་མོན་གྷོ་འདོད་རྒུ་གླིང་ནས་སྦེང་ལོར་བརྒྱུད་སྦེལ་ཀོབ་བོད་མིའི་གཞིས་ཆགས་བདེ་སྐྱིད་སླར་གསོ་དང་། ལུགས་བཟུང་གཉིས་སུ་ཕེབས་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༨ ཚེས་ ༢ ཉིན་སྦེལ་ཀོབ་ནས་ཧོན་སུར་གཞིས་ཆགས་སུ་ཕེབས་གནང་རྒྱུ། ཧོན་སུར་ནས་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་སུ་ཕེབས་གནང་སྟེ་ཉིན་གྲངས་གཉིས་བཞུགས་ནས་ཕྱི་ཚེས་ ༧ ཉིན་གཞིས་ཆགས་ཆེ་ཁག་ལྔ་ལ་འཚམས་གཟིགས་གྲུབ་རྗེས་སྦེང་ལོར་བརྒྱུད་ལྡི་ལིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ཕྱོགས་ཕེབས་སྐབས་འཕྲོད་བསྟེན་འཆར་གཞིའི་ལས་བྱེད་བསྟན་འཛིན་དབྱིག་གཉེན་ལགས་བཀའ་བློན་གྱི་ཕྱག་རོགས་སུ་ཕེབས་རྒྱུ་ཡིན་འདུག