༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ ཚེ་རིང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ བཅས་ལས་གྲུབ་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ གས་ཆུང་ནས་ཐེངས་འདིའི་ཉིན་གྲངས་ ༧ རིང་གི་ལ་དྭགས་ཁུལ་གྱི་བོད་དོན་ ཞུ་སྐུལ་གྱི་ལས་དོན་ཁག་ལེགས་གྲུ བ་ངང་མཇུག་བསྒྲིལ་གནང་ཡོད།
དེ་ཉིན་བོད་མི་མང་སྤྱི་འཐུས་རྣ མ་པས་རྒྱ་གར་དབུས་གྲོས་ཚོགས་འོ ག་མའི་འཐུས་མི་སྐུ་ཞབས་འཇམ་དབྱ ངས་ཚེ་རིང་རྣམ་རྒྱལ་ (Shri Jamyang Tsering Namgyal, Member of Parliament Lok Sabha) མཆོག་དང་། རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ ཉུང་མི་རིགས་ཀྱི་ཚོགས་མི་རིན་ཆེ ན་ལྷ་མོ་ (Smt Rinchen Lhamo, Member of Minority commission India) མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱ ས་ལྷན་ཚོགས་ཀྱི་ཚོགས་མི་དང་། ས་གནས་བོད་མིའི་བདེ་དོན་གཟིགས་ སྐྱོང་འགན་འཛིན་བཀྲ་ཤིས་རྣམ་རྒྱ ལ་ (Shri. Tashi Namgyal Yakzee, Executive Councillor and Special Welfare Coordinator for Tibetans) མཆོག ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོ གས་གཙོ་དང་། རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ ཟུར་པ།
དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོ ངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་ དཔོན་ཟུར་པ་སྐུ་ཞབས་ཐུབ་བསྟན་ཚེ ་དབང་ (Shri Thupten Chewang, President of Ladakh Buddhist Association and former MP& CEC) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུ ར་པ་སྐུ་ཞབས་ཌེལ་ཌ་རྣམ་རྒྱལ་ (Shri Delda Namgyal, former MLA and Sarpanch) མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱ ས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤི ས་རྒྱལ་མཚན་ (Shri Tashi Gyaltsen, Chief Executive Councillor, UT Ladakh) མཆོག རྒྱལ་སྲས་འཇིག་མེད་དབང་ཕྱུག་རྣ མ་རྒྱལ་ (Prince Jigmey Wangchuk Namgyal) མཆོག
སྦེང་ལོར་ནས་ཡིན་པའི་བརྙན་ཐུང་ བཟོ་མཁན་སྐུ་ཞབས་མ་ནི་ཤ་ (YouTuber Mr Manishi from Banglore) ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲ ད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་ གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་རྒྱ་གར་དབུས་སའི་གཞུང་ མང་གཉིས་ནས་བོད་དོན་སྤྱི་དང་། ལྷག་པར་ས་གནས་སུ་གནས་སྡོད་སྐྱ བས་བཅོལ་བོད་མི་རྣམས་ལ་མཐུན་འགྱུ ར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ ཞུས་པ་དང་སྦྲགས། བོད་དོན་དང་། བོད་མི་རྣམས་ལ་སྔར་ལྷག་མཐུན་འགྱུ ར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི ་ཞུ་སྐུལ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཆོག་གི་མཚན་རྟགས་འཁོད་པའི་དོན་ ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་ གྱི་ཡིག་ཆ་སོགས་ཕུལ་གནང་སྟེ། ཐེངས་འདིའི་ལ་དྭགས་ཁུལ་གྱི་བོད་ དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེ གས་གྲུབ་ངང་མཇུག་བསྒྲིལ་གནང་ཡོ ད་པ་བཅས། །