ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཀིརྟི་དགེ་རྩ་ཚོགས་པ་དེ་ནི་ཉེ་ཆར་ཕྱི་ཟླ་ ༢ པའི་ནང་ཀིརྟི་རིན་པོ་ཆེ་ནས་གསར་འཛུགས་གནང་བའི་གཞན་ཕན་དགེ་རྩའི་ལས་དོན་སྒྲུབ་པའི་ཚོགས་པ་ཞིག་ཡིན་འདུག ད་ལྟ་བཞུགས་སྒར་ཀིརྟི་གྲྭ་ཚང་དུ་རྟེན་གཞི་བྱས་ཡོད་སྟབས། ཚོགས་པའི་ལས་འཆར་ཁོངས་སུ་བོད་གཞིས་བྱེས་གཉིས་ནང་འབྲེལ་ཡོད་སེར་སྐྱ་མི་མང་ནས་ཀིརྟི་རིན་པོ་ཆེར་དད་འབུལ་གྱིས་འདས་གསོན་རྣམས་ཀྱི་སྐྱབས་རྟེན་དངུལ་དངོས་རྣམས་ཆུད་ཟོས་སུ་མི་འགྲོའི་སླད་ཤེས་ཡོན་དང་། འཕྲོད་བསྟེན། རྒས་གཅོང་སོགས་ལ་རོགས་རམ་གང་ཐུབ་གནང་འཆར་ཡོད་འདུག་ལ། དེ་བཞིན་ཐེངས་དང་པོའི་ཤེས་ཡོན་རོགས་སྐྱོར་དེ་བོད་གཞུང་ཤེས་རིག་ཁོངས་གཏོགས་ཉམ་ཐག་སློབ་ཕྲུག་གཅིག་ལ་ ༢༠༠༨ ཕྱི་ཟླ་ ༤ ནས་ ༢༠༠༩ ཕྱི་ཟླ་ ༣ བར་ལོ་གཅིག་རིང་རོགས་དངུལ་ཧིན་སྒོར་ ༡༥༠༠༠།༠༠ གནང་སོན་བྱུང་བར་ཐུགས་རྗེ་ཆེ་ཞུ་བཞིན་འདུག