༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༨ ཉིན་ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༡༡ བར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ས་གནས་བོད་མི་རྣམས་ལ་མཆིན་ནད་དུག་ཐབས་ནད་གཞི་ཡོད་མེད་རིན་མེད་བརྟག་དཔྱད་གོ་སྒྲིག་གནང་གི་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་མན་ཌི་དང་། མོན་གྷོ་འདོད་རྒུ་གླིང་། སྦན་ད་ར་ནོར་རྒྱས་གླིང་། ཀུ་ལུ། ལྡི་ལི་བཅས་སུ་མཆིན་ནད་དུག་ཐབས་ནད་གཞི་ཡོད་མེད་རིན་མེད་བརྟག་དཔྱད་རིམ་པ་བཞི་པ་གོ་སྒྲིག་གནང་ཟིན་ཡོད་ཅིང་། འཕྲོད་བསྟེན་ལས་ཁུངས་ནས་ད་བར་ཁྱོན་བསྡོམས་མི་གྲངས་ ༢༧༠༦༠ ལ་ཆིན་ནད་དུག་ཐབས་ནད་གཞི་ཡོད་མེད་རིན་མེད་བརྟག་དཔྱད་གནང་ཡོད། ལས་གཞིའི་འགྲོ་གྲོན་ཨ་རིའི་རོགས་ཚོགས་ (PRM) ནས་མཐུན་འགྱུར་གནང་ཡོད་པ་བཅས།།