༄༅། ། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་རྣམ་གཉིས་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་དང་། ཤ་ཝ་ར་གསུམ་ས་གནས་འགོ་འཛིན་རྣམ་གཉིས་ཀྱི་ལྷན། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༩ ཉིན་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་ཀྱི་རྩིབས་རི་ལོ་པཎ་མི་འགྱུར་འགྲོ་ཕན་གླིང་དང་། བོད་གཞུང་གུ་རུ་ལྷ་ཁང་། གཞིས་དགོན་ཐུབ་བསྟན་བཤད་སྒྲུབ་ཆོས་གླིང་། རྫ་རོང་ཐུབ་བསྟན་མདོ་སྔགས་ཆོས་གླིང་བཅས་སུ་ཆེད་ཕེབས་ཀྱིས། ས་གནས་མི་མང་གི་བདེ་སྡུག་གཟིགས་རྟོག་གནང་བ་མ་ཟད། མི་མང་ཚོགས་འདུའི་ཐོག་ས་གནས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་ཀྱིས་གཞིས་ཆགས་ནང་གི་དཀའ་སེལ་ཐབས་ལམ་ཇི་ཡོད་དང་། ས་གནས་མང་ཚོགས་ནང་རྒས་གཅོང་ཉམ་ཐག་གི་འཚོ་སྣོན་བགོ་འགྲེམས་གནང་ཕྱོགས་བཅས་ཀྱི་ཐད་ཚད་ལྡན་ཚུལ་མཐུན་དགོས་པའི་གོ་སྐོན་སློབ་གསོ་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།