ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བཀའ་ཁྲིའི་སྒེར་དྲུང་ནས་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༡༥ འཁོད་གནས་ནང་གསལ། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག ༢༠༠༨ ཕྱི་ཟླ་ ༧ ཚེས་ ༡༩ ཕྱི་དྲོ་ནས་ཚེས་ ༣༡ སྔ་དྲོ་བར་མེ་ཊི་སན་དུ་བྱང་ཨ་རིར་གནས་འཁོད་བོད་རིགས་ཡོངས་ཀྱིས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་དུ་མཉམ་ཞུགས་གནང་རྗེས་ཨེས་པེན་དུ་བོད་ཀྱི་ལེགས་བྱང་སྐོར་བགྲོ་གླེང་ཚོགས་འདུ་དང་ཧོ་ནེས་ཌལ་ཧི་མ་ལ་ཡའི་བསྟི་གནས་ཁང་དུ་གསུང་བཤད་དང་སྐྱེ་ལྡན་སོ་ནམ་སྐོར་ལ་བཀའ་སྡུར་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་བསྐྱང་རྒྱུའི་གནས་བསྡུས་སུ།།