༄༅། །གངས་སྐྱིད་ལས་བྱེད་གསོལ་ཚང་དུ་འགན་འཛིན་ཞིག་དང་། ཟོག་གཉེར་ (Purchaser cum/Stock-Keeper) གཅིག་ལྕོགས་ཤིག མ་བྱན་ལས་རོགས་གཅིག གཙང་བཟོ་བ་གཅིག་བཅས་ཀྱི་ས་མིག་སྟོང་པ་བཞི་ཡོད་པས་ཞུགས་བློ་ཡོད་རིགས་ནས་གཤམ་འཁོད་ཆ་རྐྱེན་ཚང་བའི་ཐོག་ཞུ་སྙན་དང་། ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་ཞིག་ནས་དག་མཆན་དང་ལས་དམ་འཁོད་པའི་ཡིག་ཆའི་ངོ་བཤུས་བཅས་དཔལ་འབྱོར་ལས་ཁུངས་སུ་ The Secretary, Department of Finance, CTA Gangchen Kyishong, Dharamsala H.P. -176215 India, Email:[email protected] ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༥ འགྱངས་མེད་འབུལ་གནང་ཡོང་བ་ཞུ།
ཀ༽ འགན་འཛིན་གྱི་འོས་ཆོས་ཆ་རྐྱེན།
༡། རང་ལོ་ ༣༠ ལས་མི་ཉུང་ཞིང་ ༥༠ ལས་མ་བརྒལ་བ།
༢། གསོལ་ཚང་དང་འབྲེལ་བའི་ཁྱད་ལས་པ་ལག་འཁྱེར་ཡོད་པའམ། ཡང་ན་ཚོགས་སྡེ་གང་རུང་དུ་གསོལ་ཚང་གི་འཛིན་སྐྱོང་འགན་ཁུར་ཉུང་མཐར་ལོ་གསུམ་བྱས་མྱོང་གི་དན་རྟགས་ཡོད་པ།
༣། འཛིན་རིམ་བཅུ་པ་ཡན་ཐོན་པའི་ལག་འཁྱེར་ཡོད་ན་བརྒྱ་ཆ་དམིགས་བསལ་ཐོབ་རྒྱུ།
༤། བོད་ཀྱི་ཡུལ་མི་ཡིན་པ་དང་བཅའ་ཁྲིམས་ནང་གསལ་ཡུལ་མིའི་ལས་འགན་ཡོངས་རྫོགས་སྒྲུབ་བཞིན་པ།
༥། དྭང་སློབ་ནང་གསོལ་ཚང་གི་འཛིན་སྐྱོང་འགན་ཁུར་ཉུང་མཐར་ལོ་གཅིག་རིང་ཞུས་མྱོང་ཡོད་པའི་དྭང་ཟུར་བ་གོང་གསལ་ཆ་རྐྱེན་ ༢ དང་ ༣ མ་ཚང་ནའང་དམིགས་བསལ་ཆོག་རྒྱུ།
༦། གཟུགས་ཐང་ལས་འཕེར་ཡིན་པའི་རང་གཞུང་སྨན་ཁང་གང་རུང་ནས་སྨན་པའི་ངོས་སྦྱོར་ཡོད་པ།
༧། ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར་ཡོད་པ།
༨། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ངོ་བཤུས།
༩། ༢༠༢༣ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་དང་གཞན་བསྡུ་དངུལ་ཕུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༡༠། ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
༡༡། ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་འཇོག་རྒྱུ་ཡིན་པའི་ནང་གི་འབྲུ་དོན་ལྟར་རྩ་འཛིན་ལག་བསྟར་ཞུ་དགོས།
ཁ༽ མ་བྱན་ལས་རོགས་ཀྱི་འོས་ཆོས་ཆ་རྐྱེན།
༡། རང་ལོ་ ༢༡ ལས་མི་ཉུང་ཞིང་ ༥༠ ལས་མ་བརྒལ་བ།
༢། མ་བྱན་གྱི་ལས་མྱོང་ཉུང་མཐར་ལོ་གཅིག་ཡོད་པ།
༣། ཞལ་ལག་བཟོ་སྦྱོར་གྱི་རྒྱུ་རྩལ་ཐོན་པའི་ལག་འཁྱེར་ཡོད་ན་བརྒྱ་ཆ་ ༥ འཕར་མ་ཐོབ་རྒྱུ།
༤། བོད་ཀྱི་ཡུལ་མི་ཡིན་པ་དང་བཅའ་ཁྲིམས་ནང་གསལ་ཡུལ་མིའི་ལས་འགན་ཡོངས་རྫོགས་སྒྲུབ་བཞིན་པ།
༥། གཟུགས་ཐང་ལས་འཕེར་ཡིན་པའི་རང་གཞུང་སྨན་ཁང་གང་རུང་ནས་སྨན་པའི་ངོས་སྦྱོར་ཡོད་པ།
༦། ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར་ཡོད་པ།
༧། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་་ངོ་བཤུས།
༨། ༢༠༢༣ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་དང་གཞན་བསྡུ་དངུལ་ཕུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༩། ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
༡༠། ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་འཇོག་རྒྱུ་ཡིན་པའི་ནང་གི་འབྲུ་དོན་ལྟར་རྩ་འཛིན་ལག་བསྟར་ཞུ་དགོས།
ག༽ ཟོག་གཉེར་ཀྱི་འོས་ཆོས་ཆ་རྐྱེན།
༡། རང་ལོ་ ༢༡ ལས་མི་ཉུང་ཞིང་ ༥༠ ལས་མ་བརྒལ་བ།
༢། འཛིན་རིམ་བཅུ་པ་ཡན་ཐོན་པའི་ལག་འཁྱེར་དང་། རྩིས་དང་ཟོག་གཉེར་གྱི་ཉམས་མྱོང་ཡོད་ན་བརྒྱ་ཆ་ ༥ འཕར་མ་ཐོབ་རྒྱུ།
༣། བོད་ཀྱི་ཡུལ་མི་ཡིན་པ་དང་བཅའ་ཁྲིམས་ནང་གསལ་ཡུལ་མིའི་ལས་འགན་ཡོངས་རྫོགས་སྒྲུབ་བཞིན་པ།
༤། གཟུགས་ཐང་ལས་འཕེར་ཡིན་པའི་རང་གཞུང་སྨན་ཁང་གང་རུང་ནས་སྨན་པའི་ངོས་སྦྱོར་ཡོད་པ།
༥། ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར་ཡོད་པ།
༦། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་་ངོ་བཤུས།
༧། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་དང་གཞན་བསྡུ་དངུལ་ཕུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༨། ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
༩། ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་འཇོག་རྒྱུ་ཡིན་པའི་ནང་གི་འབྲུ་དོན་ལྟར་རྩ་འཛིན་ལག་བསྟར་ཞུ་དགོས།
ང་༽ གཙང་བཟོ་བའི་འོས་ཆོས་ཆ་རྐྱེན།
༡། རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ངོ་བཤུས།
༣། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་དང་གཞན་བསྡུ་དངུལ་ཕུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༤། གཟུགས་ཐང་ལས་འཕེར་ཡིན་པའི་རང་གཞུང་སྨན་ཁང་གང་རུང་ནས་སྨན་པའི་ངོས་སྦྱོར་ཡོད་པ།
༥། ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར།
༦། ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
༧། ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་འཇོག་རྒྱུ་ཡིན་པའི་ནང་གི་འབྲུ་དོན་ལྟར་རྩ་འཛིན་ལག་བསྟར་ཞུ་དགོས།
འཚང་སྙན་ནང་སོ་སོའི་འབྲེལ་གཏུགས་ཁ་པར་ཨང་གྲངས་ཁ་གསལ་བཀོད་དགོས་པ་བཅས་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༧ ལ།།