༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༦ ཉིན་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ཚོགས་འདུ་བསྐོང་ཚོགས་གནང་སྟེ་རྡ་ས་གྲོང་སྡེའི་བདེ་འཇགས་དང་། རྡ་སར་གནས་སྡོད་བཙན་བྱོལ་བོད་མི་དང་འབྲེལ་བའི་ཡིག་ཆ་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད་པ་དང་། ཚོགས་འདུའི་ཐོག་ཀངྒ་ར་ཉེན་རྟོག་འགོ་དཔོན་གཞོན་པ་སྐུ་ཞབས་ནི་ཏིན་ཅོ་ཧན་ (Nitin Chouhan) ལགས་དང་། རྡ་ས་ཉེན་རྟོག་ཁང་གི་དོ་དམ་པ་སྐུ་ཞབས་རིན་ཀུ་ (Rinku) ལགས། རྡ་ས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ཀྱི་སྐུ་ཚབ་དང་བདེ་སྲུང་མི་སྣ། དེ་བཞིན་ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གྲངས་ ༥༠ བཅས་མཉམ་ཞུགས་གནང་ཡོད། །
གསར་གནས།
འབྲེལ་གནས།