༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༣ ཉིན་སྔ་དྲོའི་ཚོུད་ ༩༌༣༠ ཐོག་མན་སྤར་ཕན་བདེ་གླིང་གི་ས་གནས་མི་མང་གྲངས་ ༥༠ ཙམ་ལ་སྔར་སྲོལ་བོད་ཀྱི་ཁྲིམས་ལུགས་ངོ་སྤྲོད་དང་། བཙན་དུ་གྱར་དགོས་དོན་དང་དེ་འབྲེལ་གྱི་གནད་འགག་ཆེ་བའི་ལོ་ཚིགས་ཁག མང་གཙོའི་འཕེལ་རིམ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གཏན་འཇགས་སམ་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ཁྲིམས་ཁོངས་ཁྱབ་ཚད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་གིས་ཞུ་སྙན་འབུལ་སྟངས་དང་། བརྡ་སྦྱོར། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཐོག་མའི་ཉན་ཞིབ། ཞིབ་གཅོད། བཅད་ཁྲ། གོང་ཞུ་སོགས་ཀྱི་གོ་རྟོགས་སྤེལ་ཡོད་པ་དང་།
གོང་ཚེས་ཉིན་གྱི་སྔ་དྲོའི་ཚོུད་ ༡༡༌༣༠ ཐོག་མན་སྤར་ས་གནས་འཐུས་ཚོགས་སྐབས་ ༨ པའི་ཚོགས་གཞོན་ཚབ་གསར་བསོད་ནམས་འགྱུར་མེད་ལགས་ནས་ས་གནས་ཁྲིམས་ཞིབ་པ་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས། །