༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་རྣམས་ཀྱིས་གཙོས་ཁོང་ཚོའི་ནང་མི་རྣམས་ལ་དམིགས་ཏེ་སེམས་ཁམས་འཕྲོད་བསྟེན་གྱི་ལས་གཞི་ཞིག་སྤེལ་གནང་ཡོད།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བརྒྱད་ནང་ཁྱོན་བསྡོམས་མི་གྲངས་ ༡༢༢ ལ་སེམས་ཁམས་འཕྲོད་བསྟེན་གྱི་ལས་གཞི་ཞིག་སྤེལ་གནང་ཡོད། ལས་གཞིའི་འགྲོ་གྲོན་སླད་དུ་ཨ་རིའི་རོགས་ཚོགས་ (PRM) ནས་མཐུན་འགྱུར་གནང་ཡོད་པ་བཅས།།