དེ་ཡང་མཇལ་འཕྲད་སྐབས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོ
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།
༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ ཀྱི་ཕྱི་དྲིལ་བཀའ་བློན་ནོ ར་འཛིན་སྒྲོལ་མ་མཆོག་དང་དྲུང་ཆེ ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱིས་ ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ སྐུ་ཞབས་ཡུག་ཤེས་ཁོན་ (You Si-Kun) མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིང་ ཁྲང་ཙོ་ (Feddy Lim) མཆོག ཚོགས་གཞོན་ཧུང་ཧྲིན་ཧན་ (Sun Han-Hung) མཆོག ཐའེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ ་ཞབས་ཝང་ཏིང་ཡུས་ (Wang Ting-yu) མཆོག ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ ཁྲིན་ཅའོ་ཧྭ་ (Chen,Jiau Hua) ལགས་བཅས་དང་ལྷན་ཚོགས་ གཙོའི་སྐུ་མགྲོན་མཇལ་འཕྲད་ཁང་དུ ་ཕན་ཚུན་མཛའ་བརྩེ་ཆེན་པོའི་ངང་ ཆུ་ཚོད་གཅིག་ཙམ་རིང་མཇལ་མོལ་ཞུ ས་གནང་ཡོད་པ་རེད།
གོང་དུ་བཀུར་འོས་ཚོགས་གཙོ་མཆོག་གིས་གསུངས་པ་ལྟར། བོད་ནང་གི་ཛ་དྲག་གནས་སྟངས་ནི་ཡ་ ང་བ་བརྗོད་ཀྱི་མི་ལང་པ་གང་ཅིའི་ གནས་སྟངས་ཇེ་སྡུག་ཇེ་ངན་དུ་འགྲོ ་གི་འདུག ཚོགས་གཙོ་མཆོག་གིས་གསུངས་པའི་ རང་ལུས་མེར་བསྲེགས་སྐོར་གྲྭ་བཙུ ན་གཅིག་པུ་མ་རེད། ང་ཚོས་ཁུངས་སྐྱེལ་ར་འཕྲོད་གསལ་ པོ་བྱུང་བའི་བསྡོམས་ཐོའི་ནང་དུ་ གྲྭ་བཙུན་དང་། ཞིང་འབྲོག་མི་མང་། ཤེས་ཡོན་ཅན། སློབ་ཕྲུག ཕྲུ་གུའི་ཕ་མ་སོགས་འདྲ་མིན་ཡོད་ ཅེས་ཕྱི་དྲིལ་བཀའ་བློན་ མཆོག་གིས་མུ་མཐུད་འགྲེལ་བརྗོད་ཞུ ས་གནང་། ད་ཆར་མི་རིགས་རྩ་མེད་དང་། རིག་གཞུང་རྩ་མེད། སྐད་ཡིག་རྩ་མེད། ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ ་རྒྱ་ནག་གི་མི་རིགས་སྲིད་བྱུས་ དམར་རྗེན་ཆགས་ཀྱི་ཡོད་སྟབས། རང་དབང་མང་གཙོར་དགའ་བའི་ང་ཚོ་ ཚང་མ་ནུས་པ་གཅིག་ཏུ་བསྒྲིལ་ཏེ་ ཤུགས་བསྐྱོན་དགོས་རྒྱུ་དུས་ལ་ བབ་ཀྱི་འདུག
ང་ཚོ་ཚང་མར་འཐབ་རྩོད་ཀྱི་དམི གས་ཡུལ་མ་འདྲ་བ་ཡོད་སྲིད་ཀྱང་། མ་འོངས་རྒྱ་ནག་རང་དབང་མང་གཙོ་ ཅན་དུ་བསྒྱུར་མ་ཐུབ་ན་ང་ཚོའི་ དཀའ་ངལ་སེལ་རྒྱུ་ཁག་པོ་ཡིན་པར་ བརྟེན་དེའི་ཐོག་ཤུགས་མཉམ་དུ་རྒྱ ག་དགོས། ང་ཚོ་བོད་མིར་མཚོན་ན་བོད་རྒྱའི་ དཀའ་ངལ་སེལ་ཕྱོགས་སྐོར་གཉིས་སྨ ན་དབུ་མའི་ལམ་གྱི་སྲིད་བྱུས་སྟོ ན་ཡོད་ཀྱང་རྒྱ་དམར་གཞུང་གི་དེར་ ཡ་ལན་བཟང་པོ་མེད་སྟབས། ད་ལྟ་འབྲེ ལ་མོལ་གྱི་ལམ་ཀ་ཆད་པ་རེད། ཡིན་ནའང་བོད་ཀྱི་དཀའ་ངལ་གྲོས་མོ ལ་གྱི་ལམ་ནས་སེལ་ཐབས་དགོས་པ་ང་ ཚོའི་རྩ་དོན་ཆགས་ཀྱི་ཡོད་ཅེས་ གསུངས།
དེ་ནས་གསར་འགོད་པ་ཚོ་ཕྱིར་བཏང་ རྗེས་ཕྱོགས་ཕན་ཚུན་གཉིས་དབར་ཆུ་ ཚོད་ཕྱེད་ཙམ་རིང་ནང་མོལ་ཞུས་སྐ བས། གྲོས་ཚོགས་འཐུས་མི་རེ་རེ་བཞིན་ བོད་དོན་ལ་གདུང་སེམས་མཉམ་བསྐྱེ ད་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ འི་བཀའ་མོལ་ལྷུག་པོ་གནང་བ་དང་། ཐའེ་ཝན་དུ་བོད་མི་ཚོར་མཐོང་མཆན་ གྱི་དཀའ་ངལ་སེལ་ཕྱོགས་སྐོར་སོ གས་གྲོས་ཚོགས་ནང་དུ་གནང་འོས་ཇི་ དགེར་ཕན་ཚུན་བགྲོ་གླེང་གཏིང་ཟབ་ བྱུང་ཡོད་པ་རེད། དེ་རིང་གི་མཇལ་མོལ་དེ་བོད་རྒྱ་ སྐད་ཡིག་གཉིས་ཐོག་གནང་སྟེ་སྐུ་ ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱ ལ་མཚན་ལགས་ཀྱིས་གསུང་བསྒྱུར་གནང་ བ་དང་། དགོས་མོ་ཆུ་ཚོད་དྲུག་པའི་ཐོག་གྲོ ས་ཚོགས་བོད་དོན་རྒྱབ་སྐྱོར་ཚོ གས་པའི་ངོས་ནས་དགའ་བསུའི་གསོལ་ སྟོན་བཤམས་པ་དང་། གསོལ་སྟོན་ཐོག་མུ་མཐུད་ཞིབ་ཕྲའི ་ལས་དོན་བྱེད་ཕྱོགས་སྐོར་བཀའ་མོ ལ་ཞིབ་ལྷུག་གནང་ཡོད། །
གསར་གནས།
འབྲེལ་གནས།